དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གངས་འབྲུག་གཉིས་པ”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱག་གཏོར་གྲུ་གཟིངས་གྲུ་ཁ་ནས་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-09

    རང་རྒྱལ་གྱིས་བཟོ་སྐྲུན་བྱས་པའི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱག་གཏོར་གྲུ་གཟིངས་དང་པོ་སྟེ“གངས་འབྲུག་གཉིས་པ”རྟགས་ཅན་གྱིས་2019ལོར་ཀྲུང་གོའི་གླིང་སྣེའི་རྟོག་ཞིབ་ནང་ཐོག་མར་ཞུགས་པ་དང་འབྲེལ་འདི་ལོའི་ཟླ་4པར་རང་རྒྱལ་གྱི་ལྷོ་སྣེའི་རྟོག་ཞིབ་ཐེངས་བཞི་བཅུ་པའི་ལས་འགན་ལེགས་སྒྲུབ་བྱས་པ་རེད། “གངས་འབྲུག་གཉིས་པ”རྟགས་ཅན་གྱི་སྤྱིའི་རིང་ཚད་ལ་སྨི་122.5ཡོད་པ་དང་། ཆུ་འབུད་ཚད་ཏུན་ཁྲི་1.4ཙམ་ཟིན་པ། ཐེག་ཚད་མི་གྲངས་101ཡིན་ཞིང་། དེ་ནི་གོ་ལ་ཧྲིལ་པོའི་གྲུ་འགོ་དང་གྲུ་གཞུག་གཉིས་ཀས་འཁྱག་གཏོར་ལག་རྩལ་སྤྱོད་པའི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱག་གཏོར་གྲུ་གཟིངས་དང་པོ་རེད། འདི་ནི་ཉེ་ཆར་ཀྲུང་གོའི་འཁྱགས་རུམ་རྒྱ་མཚོ་བྱང་མའི་རྟོག་ཞིབ་ཐེངས་བཅུ་བཞི་པའི་རུ་ཁག་གི“གངས་འབྲུག་གཉིས་པ”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱག་གཏོར་གྲུ་གཟིངས་ཧྲན་ཏུང་ཆིང་ཏའོ་ཨོ་ལིམ་ཕིག་གཡོར་གྲུ་ལྟེ་གནས་ཀྱི་གྲུ་ཁ་ནས་ཐོན་བཞིན་པ།ད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།