དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁས་ཕྱིར་གཏོང་ནང་འདྲེན་ གྱི་ཚོང་དོན་འཕར་ཚད་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-09

    ཉིན་ཤས་བསྟུད་མར། ཕྱིར་གཏོང་དངོས་ཟོག་བླུགས་པའི་ཀྲུང་ཡོའི(ཨེ་ཤེ་ཡ)དུས་གཏན་མེ་འཁོར་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ནས་བདེ་བླག་ངང་ཐོན་པ་དང་ཧོར་གོ་སི་འགག་སྒོ་སྒྲོལ་རྗེས་ཨུ་ཟ་བྷེ་ཁི་སི་ཐན(ཐ་ཧྲི་ཀན)དང་ཧ་སག་སི་ཐན(ཨ་ལ་མུའུ་ཐུའུ)སོགས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ས་ཁུལ་མང་པོར་འབྱོར་གྱི་ཡོད། མིག་སྔར་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཀྲུང་ཡོའི(ཨེ་ཤེ་ཡ)དུས་གཏན་མེ་འཁོར་ཨེ་ཤེ་ཡ་དབུས་མ་དང་། ཨེ་ཤེ་ཡ་ཤར་ལྷོ། ཡོ་རོབ་བཅས་ཀྱི་རྒྱལ་ཁབ་20ལྷག་ཙམ་གྱི་གྲོང་ཁྱེར་100ལྷག་ཙམ་ལ་ཁྱབ་པ་དང་ལྕགས་ལམ་དང་མཚོ་ལམ་མཉམ་འདྲེན་དེ་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོར་ཁྱབ་ཡོད་པ་རེད། འདི་ནི་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ནན་ཁང་ཆུས་ལུང་ལིང་གྲོང་རྡལ་གྱི་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཟོག་རར་ཟོག་འདྲེན་དུས་གཏན་མེ་འཁོར་དང་དོས་སྒམ་སྐྱེལ་འདྲེན་འཕྲུལ་འཁོར་གྱིས་དངོས་ཟོག་འདོན་འཇུག་ལས་ལ་བྲེལ་བ་དང་། ཕྱིར་གཏོང་ཁྱིམ་ཆས་དང་ནང་འདྲེན་མ་བཅོས་ཤིང་ཆས་གྲལ་སྟར་འགྲིག་པོས་བཞག་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།