བོད་ཀྱིས་ཚོགས་པ་བསྒྲིགས་ནས་ཀྲུང་གོ(ཞ་མོན)རྒྱལ་སྤྱིའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འགྲེམས་ཚོགས་ལ་ཞུགས་པ།
ཉིན་ཤས་གོང་། “རྒྱལ་མཚམས་བསྒྲལ་ནས་གོ་ལ་ཧྲིལ་པོར་མཉམ་སྦྲེལ་མཉམ་མཐུད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་ཀྲུང་གོའི(ཞ་མོན)རྒྱལ་སྤྱིའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འགྲེམས་ཚོཊ(གཤམ་དུ“ཀྲུང་གོ་རྒྱལ་སྒྲོལ་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་གཉེར་བ་རེད། རང་ལྗོངས་ཀྱིས་ཁེ་ལས་11སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ལ་ཞུགས་ཏེ་ས་མཐོའི་ཁྱད་ལྡན་སྤུས་དག་ཐོན་རྫས་100ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་འགྲེམས་ཁང་དུ་ས་མཐོའི་སྦྲང་རྩི་དང་། ནས་ཀྱི་བཟོས་རྫས། ཚགས་ཤའི་ཐོན་རྫས། ས་མཐོའི་རྒྱ་སེ་མེ་ཏོག་གི་ཐོན་རྫས་བཅས་དང་དེ་བཞིན་བོད་སྨན་དང་། དབྱར་རྩྭ་དགུན་འབུ། བེ་ཤ རྒུན་ཆང་། རང་བྱུང་འཐུང་ཆུ་སོགས་ཀྱི་ཐོན་རྫས་འགྲེམས་སྟོན་བྱས་ཡོད་པ་རེད། དེའི་རིང་བོད་ལྗོངས་འགྲེམས་ཁང་གིས་རིམ་རྩིས་བྱས་ན། ཚོང་ཤག་མི་ཐེངས་3000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་བོད་ལྗོངས་བྲོ་ཞིམ་ཤ་མོ་བཟའ་བཅའ་ཚད་ཡོད་ཀུང་སི་དང་ལུང་ཧའེ་གྲོང་ཁྱེར་པང་ཧྲན་ལེང་དབྱིན་བཟའ་བཅའ་བཟོ་གྲྭའི་དབར་མངགས་ཐོ་1བཞག་པ་དེའི་དངུལ་གྲངས་སྒོར་ཁྲི་22ཟིན་གྱི་ཡོད་པ་དང་། བོད་ལྗོངས་ཀྱི་འགྲེམས་ཞུགས་ཁེ་ལས་ཀྱིས་འདོད་མོས་མངགས་ཐོ་ཁག་13བཞག་པར་ཐོན་རྫས་གཙོ་བོ་ནས་ཀྱི་བཟོས་རྫས་དང་། རྒུན་ཆང་། བོད་སྤོས། ཚགས་ཤ་སོགས་ཡིན་ཞིང་། འདོད་མོས་དངུལ་གྲངས་སྒོར་ཁྲི་10ཙམ་ཟིན་གྱི་ཡོད་པ་རེད།