ཀྲུང་གོའི་ཁང་འཁོར་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བ།
ཀྲུང་གོའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་དང་ཀྲུང་གོ་རླངས་འཁོར་འཁོར་རྒྱུག་མཐུན་ཚོགས་ཀྱི་གྲངས་གཞིར་གཞིགས་ན། 2023ལོར་ཀྲུང་གོའི་ཁང་འཁོར་ཕྱིར་ཚོང་བྱེད་ཚད་ཁྲི་1.4ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཀྲུང་གོ་བས་གོ་ཆོད་རང་བཞིན་ལ་དེ་བས་སྣང་ཆེན་བྱེད་པ་དང་ཁང་འཁོར་བཏང་ནས་མགྲོན་ཁང་སྡོད་མི་དགོས་པའི་རང་མོས་ཡུལ་སྐོར་ལ་དགའ་པོ་བྱེད་ཀྱི་ཡོད།
དེ་སྔ་འབྲེལ་ཡོད་རླངས་འཁོར་ཁེ་ལས་ཀྱིས་ཀྲུང་གོར་ཐོན་སྐྱེད་བྱས་པའི་ཁང་འཁོར་གཙོ་བོ་ཕྱིར་གཏོང་ཐད་སྤྱོད་ཀྱི་ཡོད། ད་ཆ་ཁེ་ལས་དེ་དག་གིས་ཀྲུང་གོའི་ཉིན་བཞིན་ཆེ་རུ་འགྲོ་བའི་རྒྱལ་ནང་གི་ཁང་འཁོར་ཁྲོམ་ར་རྒྱ་སྐྱེད་གཏོང་བཞིན་ཡོད། དེའི་ཁྲོད་ཀྱི་ཀྲུང་གོའི་རླངས་འཁོར་ཁེ་ལས་ཁང་ཕའེ་སི་ཁང་འཁོར་གྱི་མཐོ་རིམ་དོ་དམ་པ་ཞིག་གིས“མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་ཀྲུང་གོ་འདི་ཉིད་ཁང་འཁོར་ཁྲི་བརྒྱ་ཕྲག་ཡོད་པའི་ཁྲོམ་ར་ཞིག་ཏུ་མགྱོགས་མྱུར་འགྱུར་སྲིད”ཅེས་བཤད། ཧྲང་ཧའེ་རླངས་འཁོར་ཏ་ཐུང་MAXUSཡིས་གཞི་ཁྱོན་ཆེ་བའི་ཐོན་སྐྱེད་ལ་བརྟེན་ནས་རིན་གོང་དམའ་རུ་བཏང་སྟེ་ན་གཞོན་རླངས་འཁོར་ཉོ་མཁན་གྱི་ཡིད་དབང་འགུག་ཐབས་བྱེད་བཞིན་ཡོད། ཀུང་སི་དེའི་ཚོང་གཉེར་བ་ཞིག་གིས་མི་ཁག་གཅིག་གིས་ཁང་འཁོར་བཏང་ནས་ལས་ཀར་འགྲོ་བ་དང་ཐ་ན་ཁང་འཁོར་ནང་དུ་དགུང་ཟས་ཟ་བ་དང་ངལ་གསོ་རྒྱག་གི་ཡོད་ཅེས་བཤད།
—— རི་པིན་གྱི《རི་པིན་དཔལ་འབྱོར་ཨེ་ཤེ་ཡའི་དཔྱད་གཏམ》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།