ཀྲུང་གོས་བྱིས་པའི་རྒྱང་གྲིབ་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།
འདི་ནི་ཧོ་པེ་ཞིང་ཆེན་ཤིང་ཐའེ་གྲོང་ཁྱེར་པའེ་ཤང་རྫོང་ཤིས་དབང་ལྟེ་བའི་སློབ་ཆུང་གི་སློབ་མས་སྨན་པའི་མཛུབ་ཁྲིད་འོག་མིག་སྲུང་ལུས་རྩལ་རྩེད་བཞིན་པ། (ལི་ཅན་པིང་གིས་པར་བརྒྱབ)
དཔེ་དེབ་ལྟ་བའམ་བརྙན་ཤེལ་ལྟ་བ་སོགས་མང་པོ་བྱས་པ་དང་ཕྱི་རོལ་དུ་སྒུལ་སྐྱོད་བྱེད་པའི་དུས་ཚོད་མི་འདང་ཚེ། ན་གཞོན་ཚོའི་མིག་ཤེད་བདེ་ཐང་ལ་གནོད་ཀྱི་ཡོད། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མི་འབོར་ཕྱེད་ཀ་ལྷག་ཙམ་ལ་རྒྱང་གྲིབ་ནད་ཕོག་པ་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མའི་ཁྲོད་རྒྱང་གྲིབ་ཕོག་ཚད་80%ཟིན་པས་ཀྲུང་གོས་གནད་དོན་དེར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོའི་ས་གནས་ཁག་གི་སྲིད་གཞུང་གིས་གནད་དོན་དེར་ནན་ཏན་གྱིས་ཁ་གཏད་གཅོག་དགོས་པའི་བླང་བྱ་བཏོན་པ་དང་2018ལོའི་རྗེས་ཀྱི་སློབ་མའི་སྦྱོང་ཚན་མངོན་གསལ་དོད་པོས་ཉུང་དུ་བཏང་བ་དང་ཐ་ན་ལོ་རིམ་དམའ་བའི་སློབ་མའི་སྦྱོང་ཚན་མེད་པ་བཟོས་ཡོད། ཕྲུ་གུ་ཚོར་ཕྱི་རོལ་གྱི་ལུས་རྩལ་བྱེད་སྒོ་མང་ཙམ་རྩེ་བ་དང་གློག་རྡུལ་རོལ་རྩེད་ཉུང་ཙམ་རྩེ་དགོས་པའི་གྲོས་འགོ་བཏོན་ཡོད།
ཧྲན་ཏུང་ནི་བྱིས་པའི་བདེ་ཐང(མིག་ཤེད་བདེ་ཐང་ཚུད་པ)སློབ་གྲྭའི་དཔྱད་དཔོག་ནང་ཐོག་མར་བཅུག་པའི་ཞིང་ཆེན་གྱི་གྲས་ཤིག་ཡིན་ཞིང་། ད་ཆ་མིག་ཤེད་བདེ་ཐང་ནི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཚང་མས་སྤྱོད་པའི་དམིགས་ཚད་ཅིག་རེད། ཧྥེ་ཁྲེང་གི་སློབ་ཆུང་ཞིག་གི་སློབ་སྤྱིས། སློབ་མ་ཚོའི་མིག་ཤེད་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དེ་ནི་སྲིད་གཞུང་གིས་མིག་གི་འཕྲོད་བསྟེན་ཐད་མཛུབ་ཁྲིད་གང་ལེགས་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བཤད།
—— དབྱིན་ཇིའི《དཔལ་འབྱོར་རིག་པ་བའི》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།