དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་རི་སྐྱེས་དོམ་ཁྲའི་ཁྱུ་ཚོགས་འཕར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ།

  •     སྤེལ་དུས།  2024-07-08

    འདི་ནི་ཀྲུང་གོའི་དོམ་ཁྲ་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཧྲེན་ཧྲུའུ་ཕིང་ཞིབ་འཇུག་རྟེན་གཞིར་ཡོད་པའི་དོམ་ཁྲ་ཡིན་པ། (ཁྲེན་ཤན་ལིན་གྱིས་པར་བརྒྱབ)

    ཀྲུང་གོས་ལོ་10ཡི་རིང་གི་དོམ་ཁྲ་ཡོངས་བཤེར་ཐེངས་དང་པོ་བྱེད་རྩིས་ཡོད་པ་མ་ཟད། སྡོམ་གསོས་བྱས་པའི་དོམ་ཁྲ་རང་བྱུང་ཁམས་སུ་གློད་པའི་བྱེད་ཐབས་སླར་གསོ་ཐུབ་རེའང་བྱེད་ཀྱི་ཡོད་པ་དང་། མི་ཚོས་དོམ་ཁྲ་སྲུང་སྐྱོབ་ལས་དོན་ལ་བརྟེན་ནས་རི་སྐྱེས་དོམ་ཁྲའི་ཁྱུ་ཚོགས་ཀྱི་གྲངས་འབོར་འཕར་བར་སྐུལ་འདེད་གཏོང་རེ་བྱེད་ཀྱི་ཡོད།

    ད་ལྟའི་བར། ཀྲུང་གོའི་འབྲེལ་ཡོད་སྡེ་ཚན་གྱིས་རི་སྐྱེས་དོམ་ཁྲའི་ཁྱུ་ཚོགས་ལ་ཡོངས་བཤེར་ཐེངས་བཞི་བྱས་པ་རེད། ཡོངས་བཤེར་བྱེད་ཉེ་ཤོས་ཤིག་ལས་མངོན་པར། 2013ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་རི་སྐྱེས་དོམ་ཁྲའི་ཁྱུ་ཚོགས་ཀྱི་གྲངས་འབོར་1864ཟིན་པ་དང་། དུས་རབས་20པའི་ལོ་རབས་80ལ་རི་སྐྱེས་དོམ་ཁྲའི་ཁྱུ་ཚོགས་ཀྱི་གྲངས་འབོར་1100ཙམ་ལས་མེད་པ་རེད།

    ཉེ་བའི་ལོ་ཤས་རིང་། རྒྱུད་འཕེལ་དམའ་བ་ལས་སྐད་གྲགས་ཆོད་པའི་དོམ་ཁྲའི་འཚོ་གནས་ཀྱི་གནས་བབ་ལེགས་སུ་ཕྱིན་ཡོད་ཅིང་། 2016ལོར། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་མིང་ཐོ་ནས་དོམ་ཁྲའི་མིང་བསུབས་ཏེ་སྟོངས་སླ་བའི་སྲོག་ཆགས་ཁོངས་སུ་བཅུག་པ་རེད།

    2021ལོར། ཀྲུང་གོ་སྲིད་གཞུང་གིས་ཞིང་ཆེན་མང་པོར་ཁྱབ་པ་དང་གཞི་ཁྱོན་ཆེ་བའི་དོམ་ཁྲའི་རྒྱལ་ཁབ་ཀྱི་སྤྱི་གླིང་ཞིག་བསྐྲུན་ཡོད། ན་ནིང་ཀྲུང་གོ་སྲིད་གཞུང་གིས་དོམ་ཁྲའི་རྒྱལ་ཁབ་ཀྱི་སྤྱི་གླིང་སི་ཁྲོན་གླིང་ཁུལ་ལ་མི་དམངས་ཤོག་སྒོར་དུང་ཕྱུར་བཏང་ཡོད་པ་རེད།

    —— དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།