དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་དོན་པ་བསྐོ་འཐེན་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་དོན་པ་བསྐོ་འཐེན་བྱས་པ་རེད།

    ལི་ཡུང་ཧྲ(བུད་མེད)ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་ཚབ་གཞོན་པ(པུའུ་ཀྲང་གཞོན་པའི་རིམ་པ)ལ་བསྐོ་གཞག་བྱས་པ་དང་། པའེ་ཆིང་ཡོན་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས་པ། ཚུང་ལེང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས་པ། ཧོ་ཉིང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས་པ། ཧོ་དབྱིན་པོ་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཀྲང(པུའུ་ཀྲང་གཞོན་པའི་རིམ་པ)ལ་བསྐོ་གཞག་བྱས་པ་བཅས་རེད།

    ཚུང་ལེང་གི་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་གོ་གནས་འཐེན་རྒྱུ་དང་། ཚུའེ་ཞའོ་ཧྥུང་གི་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་འཐེན་རྒྱུ། ལུའོ་ཡུང་ཆང་གི་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་འཐེན་རྒྱུ། ཡན་ཀྲི་ཁྲན(བུད་མེད)གྱི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་འཐེན་རྒྱུ། ལིའུ་ཚང་ལི་ཡི་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཀྲང་གི་གོ་གནས་འཐེན་རྒྱུ། མོ་ཙེ་ཡའོ་ཡི་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པའི་གོ་གནས་འཐེན་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།