དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་ནན་ཞིང་ཆེན་ཧྭ་རུང་རྫོང་ཏུང་ཐིང་མཚེའུ་ཡི་རགས་ཁ་ཤོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-08

    གསར་འགོད་པར་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐན་ཞོད་སྔོན་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་5ཉིན་གྱི་ཆུ་ཚོད་16ཙམ་ལ་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུ་ཡི་ས་ཕྱོགས་མདུན་མའི་ཆུ་རགས(རགས་ཀ་ཨང་19+800)ལ་ཉེན་ཁའི་གནས་ཚུལ་ཐོན་ཡོད། ཆུ་ཚོད་17དང་སྐར་མ་48ཙམ་ལ་འཕྲལ་དུ་ཆུ་བཀག་མ་ཐུབ་པའི་རྐྱེན་གྱིས་རགས་ཁ་ཤོར་བ་དང་། ཞིབ་དཔྱད་ཚད་ལེན་རགས་ཙམ་བྱས་པ་བརྒྱུད་རགས་ཁ་ཤོར་བའི་ཞེང་ཚད་ལ་སྨི་10ཙམ་ཡོད་པ་རེད།

    ས་གནས་དེ་གའི་འབྲུབ་འགོག་སྡེ་ཚན་གྱིས་བཤད་པ་ལྟར་ན། ཉེ་འགྲམ་གྱི་གྲོང་ཚོ་6དང་སྡེ་ཁུལ་1གི་མང་ཚོགས་5000ཙམ་སྤྱིར་ན་གནས་སྤོས་ཟིན་པ་རེད།

    འདི་ནི་ཟླ་7ཚེས་5ཉིན་ཉེན་སེལ་མི་སྣས་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་སུ་ཉེན་སེལ་རོགས་སྐྱོབ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།