ཧུའུ་པེའི་ཧྲི་ཡན་གྲོང་ཁྱེར་གྱི་གནས་སྤོས་ཡུལ་མིའི་གྲོང་གསར་དུ་བདེ་སྐྱིད་ཁམས་བདེའི་རྣམ་པ་མངོན།
2010ལོ་ནས་2012ལོའི་བར། ཡུན་དབྱང་ཆུས་ཀྱིས་ཤང་དང་གྲོང་རྡལ་10རུ་གནས་སྤོས་ཡུལ་མིའི་བཀོད་སྒྲིག་གྲོང་ཚོ་གསར་པ་30ལྷག་ཙམ་བསྐྲུན་པ་དང་། ལོ་བཅུ་ལྷག་ཙམ་གྱི་རྗེས་མཐུད་རོགས་སྐྱོར་དང་འཕེལ་རྒྱས་བརྒྱུད་མིག་སྔར་སྡོད་ཁང་གསར་པ་སྐྱིད་སྣང་དོད་པ་དང་། སྡེ་ཁུལ་གྱི་ནུས་པ་འཐུས་སྒོ་ཚང་བ། ཐོན་ལས་ཀྱི་གཞི་ཁྱོན་འཕེལ་རྒྱས་ཕྱིན་ནས། འགྲོ་ལམ་ཤར་གཏོང་ཐུབ་པ་དང་། སྐྱེ་ཁམས་ཁོར་ཡུག་མཛེས་པ། ཞབས་ཞུའི་སྒྲིག་ཆས་ཆ་ཚང་བ། འགྲིམ་འགྲུལ་ཡུལ་སྐོར་དང་། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར། རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་བཏང་སྟེ། གནས་སྤོས་ཡུལ་མི་བདེ་སྐྱིད་ཁམས་བདེ་ཡོང་བར་བྱས་ཡོད།
ཉེ་ཆར། ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཡུན་དབྱང་ཆུས་ལིའུ་ཕོ་གྲོང་རྡལ་ཡུན་དབྱང་མཚོ་འགྲམ་གྱི་ལྷོ་ཆུ་བྱང་འདྲེན་གྱི་གནས་སྤོས་ཡུལ་མིའི་བཀོད་སྒྲིག་ཁུལ་ཆུང་དུ་སྐྱེ་ཁམས་ཀྱི་འཚོ་སྡོད་རུང་བའི་མཛེས་ལྗོངས་ཤིག་མངོན་པ།