དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུ་ཡི་རཌ་ཁ་ཤོར་ཡུལ་དུ་ཉེན་སེལ་བྱེད་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-08

    ཟླ་7ཚེས་5ཉིན། ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུ་ཡི་རགས་ཁ་ཤོར་བའི་ཉེན་ཁའི་གནས་ཚུལ་ཐོན་རྗེས། ས་གནས་དེ་གའི་ཏང་ཨུད་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་ཆུ་རགས་ཁུལ་གྱི་མང་ཚོགས་གནས་སྤོ་བྱས་པ་རེད། ས་གནས་ཁག་གིས་འཕྲལ་དུ་ཉེན་སེལ་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མེ་ཟོན་དང་། དྲག་ཆས་ཉེན་རྟོག ཡུལ་དམག་སོགས་ལས་གྲུབ་པའི་ཉེན་སེལ་རུ་ཁག་གིས་ཛ་དྲག་ངང་རགས་ཁ་འགོག་པ་དང་། ཆུ་རགས་བརྟན་དུ་གཏོང་བ། ཉེན་སེལ་དངོས་ཟོག་དབོར་འདྲེན་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་བཞིན་ཡོད་པ་རེད།

    འདི་ནི་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་ཁུལ་དུ་ཉེན་སེལ་མི་སྣས་རགས་ཁ་འགོག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།