དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པ་དང་འབྲེལ་ཧ་སག་སི་ཐན་དང་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་དུ་ཤང་པེ་གྲོང་ཁྱེར་ནས་ཞལ་གྱེས་པ།

    ཞི་ཅིན་ཕིང་པེ་ཅིང་དུ་ལོག་ཕེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པ་དང་འབྲེལ་ཧ་སག་སི་ཐན་དང་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེ་ཅིང་དུ་ལོག་ཕེབས་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་གི་ནང་ལྷན་དུ་ལོག་ཕེབས་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དུ་ཤང་པེ་ནས་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་དུ་ཤང་པེ་གྲོང་ཁྱེར་ནས་ཞལ་གྱེས་ཏེ་རྒྱལ་ནང་དུ་ལོག་ཕེབས་པ་རེད།

    ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས་གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་དང་དུ་ཤང་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཅིག་ལྕོགས་ལུའུ་སི་ཐཱ་མུའུ་དང་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧོ་ལི་ཏིང་གི་སྣེ་ཁྲིད་དེ་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་བ་རེད།

    ལཱ་ཧོ་མོང་གིས་ཞི་ཅིན་ཕིང་ལ་2014ལོ་ཚུན་ཐ་ཇིག་སི་ཐན་ལ་འཚམས་འདྲི་ཐེངས་གསུམ་གནང་བའི་རྩ་ཆེའི་པར་དེབ་ཕུལ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་ལ་གྲུབ་འབྲས་ཐོབ་པའི་ངང་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བར་སླར་ཡང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ངས་ད་ཐེངས་འཚམས་འདྲི་བྱེད་རིང་ཀྲུང་ཐ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་བྱས་པ་དེས་འབྱུང་འགྱུར་དུས་ཚོད་རིང་པོའི་ནང་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་ཐུབ་ངེས་ཡིན། ངས་ཙུང་ཐུང་ལཱ་ཧོ་མོང་དང་ལྷན་དུ་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་འབྲེལ་བར་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་པར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད།

    གནམ་ཐང་དུ་ཕེབས་པའི་ལམ་བར་དུ་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་འཐུས་མིས་འགྲོ་ལམ་གྱི་གཞོགས་གཡས་གཡོན་གཉིས་སུ་ཀྲུང་གོ་དང་ཐ་ཇིག་སི་ཐན་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་གི་ནང་ལྷན་དུ་ལོག་ཕེབས་པ་རེད།

    ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་5ཉིན་གྱི་དགོང་མོར། ད་དུང་གདན་ཞུས་ལྟར་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་ལྷན་དུ་དུ་ཤང་པེ་གྲོང་ཁྱེར་གྱི་རྒྱལ་མགྲོན་ཁང་དུ་མཛའ་བརྩེའི་གླེང་མོལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།