དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དངོས་མང་སྟོན་ཚོགས་ཀྱི“རྒྱུན་ཕེབས་མགྲོན་པོ”པུའུ་པའི་ཨེ་ཤེ་ཡ་དངོས་མང་སྟོན་ཚོགས་ཀྱི་ཐོག་མའི་བག་ཆགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-07

     འདི་ནི་ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་དངོས་མང་སྟོན་ཚོཊ་སྐབས་བརྒྱད་པའི་ཐོག་པུའུ་པ་ཡིས(གཡོན)ཤིན་ཅང་ཁེ་ལས་ཤིག་གི་འགྲེམས་སྟེགས་མདུན་དུ་ཐོན་རྫས་ཤེས་རྟོགས་བྱས་ནས་མཉམ་ལས་ཐད་སྐད་ཆ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།

    ཉེ་ཆར། ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཤིན་ཅང་ཝུའུ་ལུའུ་མུའུ་ཆིར་འཚོགས་པ་རེད། 2016ལོའི་ལོ་མཇུག་ཏུ་ཀྲུང་གོར་ལས་གཏོད་བྱེད་པར་ཡོང་བའི་མོང་གོལ་རྒྱལ་ཁབ་ཀྱི་གཞོན་ནུ་པུའུ་པ་ནང་འདྲེན་དངོས་མང་སྟོན་ཚོགས་དང་། འཛད་རྫས་དངོས་མང་སྟོན་ཚོགས། ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས། ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོགས་སོགས་ཚུད་པའི་དངོས་མང་སྟོན་ཚོགས་30ལྷག་ཙམ་ནང་ཞུགས་མྱོང་ཡོད་པས་མིང་དོན་མཚུངས་པའི་དངོས་མང་སྟོན་ཚོགས་ཀྱི“རྒྱུན་ཕེབས་མགྲོན་པོ”ཞིག་རེད། འོན་ཀྱང་ཨེ་ཤེ་ཡ་དངོས་མང་སྟོན་ཚོགས་ཀྱི་ངོས་ནས་བརྗོད་ན། ཁོང་ནི“སྐུ་མགྲོན་གསར་པ”ཞིག་རེད།

    མོང་གོལ་རྒྱལ་ཁབ་ཏུ་ཡུལ་སྐོར་དང་ཚོང་དོན་ལས་རིགས་གཉེར་བའི་པུའུ་པ་ཡིས་ཀྲུང་གོར་ཚོང་དོན་གྱི་གོ་སྐབས་དེ་བས་མང་བ་ཡོད་པའི་ངོས་འཛིན་བྱས་ནས་དེ་གར་ཡོང་བའི་གདམ་ག་བྱས། ཁོང་གིས་ཧྲང་ཧའེ་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཁང་གཙོ་བོའི“ལོ་མ་བཞི་ལྡན་གྱི་རྩྭའི”འགྲམ་དུ་རང་ཉིད་ཀྱི་ཚོང་དོན་ཀུང་སི་བཙུགས་ནས་མོང་གོལ་རྒྱལ་ཁབ་ཀྱི་ཁུ་ལུའི་ཐོན་རྫས་དང་བཟའ་བཅའ་སོགས་ཀྲུང་གོར་ཁྱེར་ཡོང་བ་དང་དུས་མཚུངས་ཀྲུང་གོ་ནས་མོང་གོལ་རྒྱལ་ཁབ་ལ་འཛུགས་སྐྲུན་རྒྱུ་ཆ་ཕྱིར་གཏོང་བྱེད་ཀྱི་ཡོད།

    འགྲེམས་ཚོགས་སྣ་ཚོགས་ནང་ཞུགས་པ་ནི་ལས་སྒོ་འབྲེལ་གཏུག་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་པ་དང་། ཤིན་ཅང་ཨེ་ཤེ་ཡ་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་དང་དེའི་གོ་སྐབས་ལས་པུའུ་པ་ཡིས་འགྲེམས་ཚོགས་ནང་ཞུགས་རྒྱུའི་ཐག་བཅད། ཚོད་ལྟ་བྱེད་པའི་ཐོག་ནས་ཨེ་ཤེ་ཡ་དངོས་མང་སྟོན་ཚོགས་ནང་ཐོག་མར་ཞུགས་པའི་པུའུ་པ་ཡིས་མོང་གོལ་རྒྱལ་ཁབ་ཀྱི་ཁུ་ལུ་དང་བལ་གྱི་ཐོན་རྫས་ཁྱེར་ཡོང་ཡོད། “དེ་དག་ནི་ང་རང་སྤོབས་པ་བྱེད་འོས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཚོང་ཟོག་རེད། འགྲེམས་སྟོན་ནང་ཉིན་ཁ་ཤས་ཞུགས་པ་བརྒྱུད་ཤིན་ཅང་གི་ལྟ་སྐོར་བས་བལ་གྱི་ཐོན་རྫས་ཕུད། བཟའ་བཅར་ཡང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། རྗེས་སུ་ངས་མོང་གོལ་རྒྱལ་ཁབ་ཀྱི་བཟའ་བཅའ་དེ་བས་མང་བ་ཤིན་ཅང་དུ་འཁྱེར་ཡོང་གི་ཡིན”ཞེས་པུའུ་པ་ཡིས་བཤད། ཨེ་ཤེ་ཡ་དངོས་མང་སྟོན་ཚོགས་ཐོག་པུའུ་པར་མི་མངོན་པའི་ཚོང་དོན་མཉམ་ལས་རོགས་ཟླ་ཞིག་ཀྱང་རྙེད་པ་དེ་ནི་ཁོང་གི་ངོས་ནས་བརྗོད་ན་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཤིག་རེད།

    འགྲེམས་ཚོགས་ཕུད་ཤིན་ཅང་གི་མཛེས་ལྗོངས་དང་ཞིམ་ཟས་ཀྱིས་ཀྱང་ཁོང་གི་ཡིད་དབང་རྦད་དེ་བཀུག་ཡོད། “ང་ཤིན་ཅང་གི་ལུག་ཤ་དང་དཀར་ཕྱུར་ཧ་ཅང་དགའ་པོ་ཡོད་ལ་དེ་གའི་ཡུལ་ལྗོངས་ཀྱང་ཧ་ཅང་མཛེས་པོ་འདུག གལ་ཏེ་གོ་སྐབས་བྱུང་ཚེ་སང་ལོར་ང་ད་དུང་ཨེ་ཤེ་ཡ་དངོས་མང་སྟོན་ཚོགས་ལ་ཞུགས་ཀྱི་ཡིན”ཞེས་པུའུ་པ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།