དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དུ་ཤང་པེར་ཕེབས་འབྱོར་ཟིན་ནས་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-07

    ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་དུ་ཤང་པེར་ཕེབས་འབྱོར་ཟིན་ནས་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧོ་མོང་གི་གདན་ཞུས་ལྟར་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཤིང་། འདི་ནི་ལཱ་ཧོ་མོང་གིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་མགྲོན་བསུའི་མཛད་སྒོ་གཟབ་རྒྱས་གཉེར་བའི་གནས་ཚུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དུ་ཤང་པེ་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་དུ་ཤང་པེར་ཕེབས་འབྱོར་ཟིན་ནས་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧོ་མོང་གི་གདན་ཞུས་ལྟར་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།

    ཆེད་གཏོང་གནམ་གྲུ་དུ་ཤང་པེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས་གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་དང་དུ་ཤང་པེའི་ཧྲི་ཀྲང་གཅིག་ལྕོགས་ལུའུ་སི་ཐཱ་མུའུ་དང་། ཕྱི་འབྲེལ་པུའུ་ཀྲང་མུའུ་ཧོ་ལི་ཏིང་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཐ་ཇིག་སི་ཐན་གྱི་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ཡི་གེ་བྲིས་ནས་ཞི་ཅིན་ཕིང་དེ་གར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།

    ལཱ་ཧོ་མོང་གིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་མགྲོན་བསུའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད།

    མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་ཐ་ཇིག་སི་ཐན་གྱི་གཞོན་ནུ་1500ལྷག་ཙམ་གྱིས་ཀྲུང་ཐའི་ཁྱད་ཆོས་ཟབ་མོ་ལྡན་པའི་གླུ་གར་འཁྲབ་སྟོན་དང་ཀྲུང་ཐའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས། ཀྲུང་གོའི་ཆེས་གུས་པར་འོས་པའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ནས་ཐ་ཇིག་སི་ཐན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཐ་རྒྱལ་ཁབ་གཉིས་ནི་ཕན་ཚུན་ལྟ་སྐྱོང་གི་ཁྱིམ་མཚེས་བཟང་པོ་དང་། ཕན་ཚུན་རྒྱབ་སྐྱོར་གྱི་གྲོགས་པོ་བཟང་པོ། གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ་བཟང་པོ། གཅིག་སེམས་གཅིག་གཏད་ཀྱི་སྤུན་གྲོགས་བཟང་པོ་བཅས་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་32སོང་རིང་། ཀྲུང་ཐའི་འབྲེལ་བ་རྒྱུན་མཐུད་དང་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་འབྲེལ་བ་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་དེ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་བར་མཆོང་སྐྱོད་བྱུང་སྟེ། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ངས་ཙུང་ཐུང་ལཱ་ཧོ་མོང་དང་མཉམ་དུ་དུས་བབ་གསར་པའི་འོག ཀྲུང་ཐའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་འཆར་འགོད་གསར་པ་དང་བཀོད་སྒྲིག་གསར་པ་བྱས་ནས། ཀྲུང་ཐའི་ཕྱོགས་ཡོངས་ཀྱི་མཉམ་ལས་དེ་བས་མཐོ་བའི་ཆུ་ཚད་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་རེ་བྱེད་ཀྱི་ཡོད།

    ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་ལྷན་དུ་གནམ་གྲུ་གཅིག་གི་ནང་ཕེབས་འབྱོར་ཟིན་པ་རེད།

    ཐ་ཇིག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅི་ཧྲུའུ་མིན་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།

    ཞི་ཅིན་ཕིང་ཕེབས་ཊོར་བཞུགས་ཏེ་གནམ་ཐང་ནས་བཞུགས་གནས་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་རླུང་བུའི་ཁྲོད་ལྷབ་ལྷུབ་ཏུ་གཡོ་བ་དང་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་འཐུས་མིས་བང་བསྒྲིགས་ནས་ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ཏེ། ཞི་ཅིན་ཕིང་ཐ་ཇིག་སི་ཐན་དུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པ་དང་འབྲེལ། ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་གྲུབ་རྗེས་ད་གཟོད་དུ་ཤང་པེར་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།

    ཞི་ཅིན་ཕིང་ཨ་སི་ཐ་ན་ནས་ཞལ་གྱེས་ཞུ་སྐབས་ཧ་སག་སི་ཐན་གྱི་ཙུང་ལི་པེ་ཁེ་ཅེ་ནུའོ་ཧྥུའུ་དང་ཨ་སི་ཐ་ནའི་ཧྲི་ཀྲང་ཁཱ་སེ་མུའུ་པེ་ཁེ་སོགས་མཐོ་རིམ་དཔོན་རིགས་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་ཡོད་པ་རེད།

    ཞི་ཅིན་ཕིང་གི་ཆེད་གཏོང་གནམ་གྲུ་འཕུར་རྗེས་ཧ་སག་སི་ཐན་གྱི་མཁའ་དམག་དམག་འཐབ་གནམ་གྲུ་གསུམ་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།