ཀོང་ཤིས་ཀྱི་ཞིང་ཞོར་ཐོན་རྫས་ཁག་210ལ“ཧྲེན་ཀྲེན་ཐོན་རྫས”ཀྱི་གདེང་འཇོག་དཔང་ཡིག་རག་པ།
ཧྲེན་ཀྲེན་ཚད་ལྡན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི“ཧྲེན་ཀྲེན་ཐོན་རྫས”ཀྱི་གདེང་འཇོག་ཐོབ་པའི་ཐོན་རྫས་ཀྱི་མིང་ཐོ་གསར་ཤོས་ཁག་གཅིག་ནང་། གསར་དུ་བདམས་པའི་ཀོང་ཤིས་ཀྱི་ཞིང་ཞོར་ཐོན་རྫས་ཁག་10ཡོད། དེས་ན་ཀོང་ཤིས་ཀྱི་ཞིང་ཞོར་ཐོན་རྫས་ཁག་210ལ“ཧྲེན་ཀྲེན་ཐོན་རྫས”ཀྱི་གདེང་འཇོག་དཔང་ཡིག་རག་པའི་གྲས་སུ་སྔོ་ཚལ་དང་། ཤིང་འབྲས། འབྲུ་རིགས། སྒོ་ཕྱུགས་དང་ཁྱིམ་བྱ་སོགས་རིགས་ཆེན་པོ་25ཡི་སྣ་ཁ164ཡི་བཟའ་བཅའ་དང་ཞིང་ཞོར་ཐོན་རྫས་ཚུད་ཡོད།
“ཧྲེན་ཀྲེན་ཐོན་རྫས”ཀྱི་གདེང་འཇོག་མ་ལག་ནི་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྔོན་ཐོན་ཚད་གཞི་ལྟར་བཟོས་པའི་ཞིང་ནང་ནས་གསོལ་ལྕོག་བར་གྱི་འཁོར་འབྲེལ་ཧྲིལ་པོའི་ཧྲེན་ཀྲེན་གྱི་བཟའ་བཅའ་མཁོ་འདོན་བྱེད་པའི་ཚད་གཞིའི་མ་ལག་ཅིག་ཡིན་ལ། “ཧྲེན་ཀྲེན་ཐོན་རྫས”ཀྱི་གདེང་འཇོག་བྱས་པ་བརྒྱུད། སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་རྟགས་བཏོད་ཡོད།