དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་འགྲན་བསྡུར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-06

    ཉེ་ཆར། སྡེ་ཚོགས་ལྗོངས་ཨུ་ལྷན་དང་། ལྗོངས་སློབ་གསོ་ཐིང་། ལྗོངས་མི་སྤྱི་ཐིང་། ལྗོངས་ཚན་རྩལ་ཐིང་སོགས་ཀྱིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི“འཇོན་ཐང་ཅན་གྱི་བུམ་པའི”སློབ་གྲྭ་ཆེ་མོ་བའི་ལས་གཏོད་འགྲན་བསྡུར་ཆེན་པོ་སྐབས་བཅུ་པ་དང་“འགྲན་སློང་བུམ་པའི”ཀྲུང་གོའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་འཆར་གཞིའི་འགྲན་བསྡུར་སྐབས་བཅུ་བཞི་པ་བོད་ཀྱི་འདེམས་བསྐོའི་འགྲན་བསྡུར་ལྷ་སར་འཚོགས་པ་རེད།

    སྐབས་འདིའི་འགྲན་བསྡུར་ལ་ལས་གཏོད་འཆར་གཞིའི་འགྲན་བསྡུར་དང་ལས་གཏོད་ལག་ལེན་འགྲན་སློང་འགྲན་བསྡུར་ཁག་གཉིས་ཀྱི་འགྲན་བསྡུར་གཙོ་བོའི་ཚོགས་ཆུང་ཆེ་གྲས་9ཚུད་ཡོད་པ་རེད། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། མཐར་རྣམ་གྲངས་11ལ་ལས་གཏོད་འཆར་གཞིའི་འགྲན་བསྡུར་གྱི་དམིགས་བསལ་བྱ་དགའ་དང་། བྱ་དགའ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་མ་ཟད། རྣམ་གྲངས་6ལ་ལས་གཏོད་ལག་ལེན་འགྲན་སློང་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས་ཐོབ་པ་རེད། བོད་ལྗོངས་སློབ་ཆེན་གྱི“‘སྤྲིན་ཚོམ་བོད་ཁང’བོད་ཀྱི་ཁྱད་ལྡན་སྐྲུན་དངོས་རིག་གནས་བསམ་བཀོད”ལ་ལས་གཏོད་འཆར་གཞིའི་འགྲན་བསྡུར་གྱི་དམིགས་བསལ་བྱ་དགའ་ཐོབ་པ་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི“ཞིམ་ཟས་-བོད་ཀྱི་ཁྱད་ལྡན་བཟའ་བཅའ་གསར་གཏོད་པར”ལས་གཏོད་ལག་ལེན་འགྲན་སློང་འགྲན་བསྡུར་གྱི་གསེར་གྱི་བྱ་དགའ་ཐོབ་པ། བོད་ལྗོངས་སློབ་ཆེན་ལ“འཇོན་ཐང་ཅན་གྱི་བུམ་པའི”བྱ་དགའ་ཐོབ་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོ། བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ལས་སློབ་གྲྭ ལྷ་ས་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭ་བཅས་ལ་ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་ཐོབ་པ་རེད། ཕུལ་བྱུང་བརྩམས་ཆོས་ཁག་གཅིག“འགྲན་སློང་བུམ་པའི”ཀྲུང་གོའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་འཆར་གཞིའི་འགྲན་བསྡུར་སྐབས་བཅུ་བཞི་པའི་ནང་ཞུགས་རྒྱུའི་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།