དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པ་འགོ་ཚུགས་པ།

    དབྱིན་ཏི་ལ·ལ་ནཱ་དང་། ཆིན་མའོ་དབྱི། ཧ་ཉི་ཧྥུའུ། ཐ་ལཱ་ཁཱ·པ་ལ་སུའུ་ལི་ཡ། ཅ་ནེ་ཧྲི·ཕུའུ་ལ་ས་ཏེ·ཏི་སྨིར་ཞི་ནཱ་བཅས་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-06

    ཟླ་7ཚེས་4ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པ་ཉིང་ཁྲིའི་ཀླུ་ནང་དུ་འགོ་ཚུགས་ཤིང་། འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཆིན་པོ་ཡུང་དང་ཝང་ཅུན་ཀྲེང་གིས་ཤིས་ཚིག་བསྒྲོན་པ།

    ཚེས་4ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པ་ཉིང་ཁྲིའི་ཀླུ་ནང་དུ་འགོ་ཚུགས་པ་རེད།

    ནེ་པ་ལའི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་དབྱིན་ཏི་ལ·ལ་ནཱ་དང་། འབར་མ་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ཆིན་མའོ་དབྱི། ཨ་ཧྥུ་ཀ་ནི་སི་ཐན་གནས་སྐབས་སྲིད་གཞུང་གི་དཔལ་འབྱོར་པུའུ་ཀྲང་གི་ལས་ཚབ་ཧ་ཉི་ཧྥུའུ། སི་རི་ལན་ཁའི་ཕྱི་འབྲེལ་རྒྱལ་དོན་པུའུ་ཀྲང་ཐ་ལཱ་ཁཱ·པ་ལ་སུའུ་ལི་ཡ། ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཟུར་པ་དང་ནེ་པ་ལའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་ཞི་ཅ་ནེ་ཧྲི·ཕུའུ་ལ་ས་ཏེ·ཏི་སྨིར་ཞི་ནཱ་བཅས་ཕེབས་ཡོད་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཕེབས་ནས་ཤིས་ཚིག་བསྒྲོན་པ་རེད།

    ཆིན་པོ་ཡུང་གིས་གསུངས་དོན། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་འགོ་ཚུགས་པ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཧི་མ་ལ་ཡའི་མཐའ་འཁོར་གྱི་མཉམ་ལས་ལ་ཞུགས་མཁན་ཕྱོགས་ཁག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“འཛམ་གླིང་ཡང་རྩེའི”ས་གཙང་འདི་སྲུང་སྐྱོང་ཡག་པོ་དང་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་སའི་གོ་ལ་འདི་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དམིགས་ཚད་དུ་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཤེས་དཔལ་གཏིང་ཟབ་དང་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ཀྱི་ཐད་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་བྱས་ཏེ། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཆིན་པོ་ཡུང་གིས་ནན་བཤད་གནང་དོན། སྐབས་འདིའི་གླེང་སྟེགས་ཀྱིས《ཉིང་ཁྲིའི་གྲོས་འགོ》དོན་འཁྱོལ་ལ་དམིགས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། འཕེལ་རྒྱས་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་སོགས་ལ་དམིགས་ནས། བསམ་འཆར་བརྗེ་རེས་གཏིང་ཟབ་དང་། མང་ཚོགས་ཀྱི་བློ་གྲོས་གཅིག་ཏུ་འདུ་བ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་གཙང་ཞིང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་ཆེད“ཧི་མ་ལ་ཡའི་མཐའ་འཁོར་གྱི་ལེགས་སྐྱེས”འབུལ་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། མིག་སྔར། འཛམ་གླིང་གི་རྣམ་པར་འཕོ་འགྱུར་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་གནས་དང་འཕེལ་རྒྱས་ལ་འགྲན་སློང་གསར་པ་འཕྲད་ཡོད་པས། ཕྱར་བ་གྲུ་འདེགས་དང་མཉམ་ལས་གཉིས་ཕན་བྱེད་པ་ནི་འགྲན་སློང་ལ་ཁ་གཏད་གཅོག་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་དང་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་འཛུགས་དགོས་ལུགས་བཏོན་པ་དེའི་ནང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཡོངས་ཁྱབ་ཀྱི་འདུན་པ་གཅིག་ཏུ་འདུས་ཡོད། ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་རྣམས་རི་ཆུ་སྦྲེལ་བ་དང་། རིག་གནས་ཀྱི་འབྲེལ་བ་ཟབ་པ། སྐྱེ་ཁམས་ཕན་ཚུན་གཅིག་ལ་གཅིག་བརྟེན་བཅས་ཡིན་པས། ལོ་རྒྱུས་ཀྱི་འགན་འཁྲི་དེ་བས་འཁུར་བ་དང་རང་འགན་ཐེག་པ་འཁུར་ལེན་མངོན་པར་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པ། ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་མགྱོགས་སུ་གཏོང་བ། ནུས་རྒྱུ་གཙང་མ་གསར་སྤེལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐོན་ཁུངས་ཕན་ནུས་ཆེན་པོས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཐུན་སྦྱོར་མཉམ་སྐྲུན་དང་སྐྱེ་ཁམས་མ་ལག་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཀྱི་སྒྲིག་སྲོལ་མཉམ་གྲོས་དང་། འགན་འཁྲི་མཉམ་འཁུར། ཁེ་ཕན་མཉམ་སྤྱོད་བཅས་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་གྲྭ་ལག་བསྟར་བཅས་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་པོ་ཡོང་བར་བྱེད་དགོས། མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མཐུན་སྦྱོར་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒོ་དབྱེའི་མཉམ་ལས་ཀྱི་འདུ་ཤེས་རྒྱུན་འཛིན་བྱེད་པ། ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མཐུན་སྦྱོར་བཅོས་སྐྱོང་གི་མཉམ་འགུལ་ལམ་སྲོལ་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ། སྣ་མང་ཅན་གྱི་སྤེལ་རེས་ལས་སྟེགས་སྐྲུན་པ། རྒྱ་ཁྱབ་ཀྱི་ངོས་འཛིན་གཅིག་ཏུ་སྒྲིལ་བ། སྐྱེ་ཁམས་བཅོས་སྐྱོང་གི་ཉམས་མྱོང་མཉམ་སྤྱོད་བཅས་བྱས་ཏེ་སྐྱེ་ཁམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་མཉམ་སྤྱོད་བྱེད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་གོའི་བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། ཐུན་མོང་འཕེལ་རྒྱས་བཅས་མངོན་འགྱུར་ཧུར་ཐག་ཐུབ་པ་བྱེད་ཀྱི་ཡིན། ང་ཚོས་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བཅས་བྱས་ནས་འཛམ་གླིང་གིས་བོད་ལ་རྒྱུས་ལོན་དེ་བས་ལེགས་པར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་བོད་དེ་བས་ལེགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་གི་ཡིན། ང་ཚོས་གླེང་སྟེགས་ཀྱི་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་གཞུང་སྡེ་ཚན་དང་། དམངས་ཁྲོད་རྩ་འཛུགས། སྤྱི་ཚོགས་ཚོགས་པ་སོགས་དེ་བས་མང་བ་དེའི་ནང་ཞུགས་པར་ལྕག་སྐུལ་བྱས་ཏེ་མཉམ་ཤུགས་སྔར་ལས་ཆེ་བ་ཆགས་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་གི་ཡིན། ང་ཚོས་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་མཉམ་ལས་དང་སྟོབས་ཤུགས་གཅིག་ཏུ་འདུས་ཏེ་ཐུན་མོང་ཐོག་གཙང་ཞིང་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་འདོད་ཡོད།

    འགོ་ཚུགས་མཛད་སྒོའི་ཐོག་དབྱིན་ཏི་ལ·ལ་ནཱ་དང་། ཆིན་མའོ་དབྱི། ཧ་ཉི་ཧྥུའུ། ཐ་ལཱ་ཁཱ·པ་ལ་སུའུ་ལི་ཡ། དེ་བཞིན་ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ཀྲའོ་ཀྲི་ཡོན་བཅས་ཀྱིས་ཤིས་ཚིག་བསྒྲོན་པ་རེད།

    དེ་རྗེས་གཉེར་བའི་བཞེད་དོན་གཙོ་བོའི་གླེང་སྟེགས་ཐོག་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོང་ལུའུ་ཆི་དང་། འབྲུག་ཡུལ་ནུས་རྒྱུ་དང་རང་བྱུང་ཐོན་ཁུངས་པུའི་དྲུང་ཆེ་ཀརྨ་འཕྲིན་ལས། ཆི་ལིའི་གྲོས་ཁང་འོག་མའི་གྲོས་མི་ཨེན་ལི་ཁེ·ལི། ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་མི་ཟུར་པ་ཧོང་དབྱི་པེའོ། པོ་ལི་ཝེ་ཡ་འཕྲོད་བསྟེན་དང་ལུས་རྩལ་པུའི་སྲོལ་རྒྱུན་གསོ་རིག་སིའི་སྤྱི་ཁྱབ་སི་ཀྲང་པི་ཝེ་ཨན·ཐ་ཏི་ཡ་ནཱ·ཁཱ་མ་ཆའོ། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་པི་ཧྲི་ནུའུ·ཕུའུ་ཁར·ཧྲི་ལེ་སི་ཐ་བཅས་ཀྱིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་། དབང་ཧའེ་ཀྲོའུ། ཟླ་བ་ཚེ་རིང་། སུན་ཞན་ཀྲུང་། ལྕགས་རྭ་བློ་བཟང་བསྟན་འཛིན། ཀྲང་ཧུང་པོ། ཞུས་ཀྲི་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས། སྒྲོལ་དཀར་བཅས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།