དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱ་མཚོ་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་འབྱོར་འབྲིང་བདེ་སྡོད་ཚོད་ལྟའི་ལས་གྲྭ(དུས་ཐེངས་གཉིས་པ)རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-05

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱ་མཚོ་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་འབྱོར་འབྲིང་བདེ་སྡོད་ཚོད་ལྟའི་ལས་གྲྭ(དུས་ཐེངས་གཉིས་པ)རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་དེ་ཐོག་ནས་རྒྱ་མཚོ་སྡེ་ཁུལ་གྱི་གྲོང་མི་སྡོད་ཁང་གསར་པར་སྤོ་ལ་ཉེ་བ་མཚོན་གྱི་ཡོད།

    མཛད་སྒོ་འཚོག་ཡུལ་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་རྔ་དང་རོལ་ཆ་དཀྲོལ་བཞིན་ཡོད་ལ། གྲོང་མི་ཚོའི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར། མཛད་སྒོ་འཚོགས་པ་དང་བསྟུན་ནས་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅིས་ལག་ཏུ་ལྡེ་མིག་སེར་པོ་ཞིག་བཟུང་སྟེ་སྡིངས་ཆའི་དཀྱིལ་དུ་དལ་གྱིས་སྐྱོད་ཅིང་། ཁོང་གིས་དགའ་ཚོར་ཆེན་པོས་སྡོད་ཁང་གསར་པ་རྩིས་སྤྲོད་རྩིས་ལེན་མཚོན་པའི་ལྡེ་མིག་གྲོང་མིའི་འཐུས་མི་ཚེ་བརྟན་དོན་གྲུབ་ཀྱི་ལག་ཏུ་སྤྲོད་སྐབས། ཚེ་བརྟན་དོན་གྲུབ་སེམས་འགུལ་ཚད་མེད་ཐེབས་བཞིན་ལྡེ་མིག་ལག་ཏུ་དམ་པོར་བཟུང་ནས་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་རེ་བས་ཁེངས།

    ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་བསྟན་འཛིན་ཆོས་གྲགས་ཀྱིས་མང་ཚོགས་ལ་ཁ་བཏགས་གཡོགས་པ་དང་འབྲེལ། ཁང་པའི་བཀོད་པ་དང་། དཀར་ཆ། རླུང་འགྲོ་བཅས་དང་། དེ་བཞིན་འཚོ་བའི་སྒྲིག་ཆས་ཁག་ལ་བལྟས་པ་མ་ཟད། གྲོང་མི་དང་སྤེལ་རེས་ཀྱང་བྱས་ནས་ཁོང་ཚོས་ཁང་པར་རང་སོ་སོའི་ལྟ་ཚུལ་དང་གྲོས་འགོ་གང་ཡོད་མེད་དྲིས་ཤིང་། གྲོང་མི་ཚོས། སྡོད་ཁང་གསར་པའི་ནང་རེ་བས་ཁེངས་པ་དང་དེ་བས་སྐྱིད་སྣང་དོད་པའི་འཚོ་བ་ཞིག་སྐྱེལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།