དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྱིས་བོགས་གཏོང་གཞུང་ཁང་འཛུགས་སྐྲུན་གྱི་དམིགས་ཚད་དོན་འཁྱོལ་ནུས་ལྡན་མ་བྱུང་བའི་གནད་དོན་དག་ཐེར་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-05

    ཉེ་བའི་ལོ་ཤས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་བོགས་གཏོང་གཞུང་ཁང་འཛུགས་སྐྲུན་གྱི་དམིགས་ཚད་དོན་འཁྱོལ་ནུས་ལྡན་མ་བྱུང་བའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། སྔར་ན་མེད་པའི་ནུས་ཤུགས་དང་། ཏན་ཏིག་གི་བྱེད་ཐབས། དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱི་སྒོ་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་སྡོད་གནས་སྐྱིད་པོ་ཡོང་བར་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས“སྡོད་སའི་ཁང་པ་ཡོད་པའི”དམིགས་ཚད་ལ་དམིགས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་འབྲིང་གི་ཁྱིམ་ཚང་དང་། གསར་དུ་ལས་ཞུགས་བྱས་ཀྱང་ཁང་པ་མེད་པའི་ལས་བཟོ། ཕྱི་ནས་ཡོང་བའི་གླ་པ་སོགས་ཚོགས་སྤྱིའི་སྡོད་ཁང་དཀོན་པའི་གནད་དོན་ཐག་གཅོད་བྱེད་པ་འགོ་འཛུགས་ས་དང་དོན་ལ་བབས་སར་མཐའ་འཁྱོངས་བྱས་ཏེ་བོགས་གཏོང་གཞུང་ཁང་འཛུགས་སྐྲུན་གྱི་དམིགས་ཚད་དོན་འཁྱོལ་ནུས་ལྡན་མ་བྱུང་བའི་གནད་དོན་དག་ཐེར་བཅོས་སྒྲིག་གི་ནང་དོན་ལ་བཅུག་ཡོད། ལས་བགོས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་རྣམ་གྲངས་ཀྱི་ཕྱོགས་གང་ཅིའི་ཐད་གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་པ་དང་། འབྲེལ་ཡོད་འགན་འཁྲི་ཚན་པས“རྣམ་གྲངས་རྐྱང་པའི་ཆེད་དོན་བྱེད་ཐབས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། དུས་འགོའི་འགྲོ་ལུགས་གཉེར་བའི་གོ་རིམ་ལེགས་སུ་གཏོང་བ། “གོ་རིམ་ཉུང་དུ་མི་གཏོང་ཡང་དུས་ཚོད་ཐུང་དུ་གཏོང་བ”བཅས་བྱས་ཏེ་རྣམ་གྲངས་ལས་འགོ་འཛུགས་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཡོད། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གྱི་ལས་ཀའི་ལམ་ལུགས་དང“གཟའ་འཁོར་རེར་བཀོད་གཏོང་རེ་དང་། བཀོད་སྒྲིག་རེ། གསལ་ཐོ་རེ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས། ཡིག་ཐོག་བཀོད་གཏོང་དང་། ཁ་པར་ཐོག་ནས་སྒྲུབ་སྐུལ། ཆེད་དོན་སྒྲུབ་སྐུལ་བཅས་ཀྱི་བྱེད་ཐབས་སྤྱད་དེ་གནད་དོན་དག་ཐེར་ལ་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་བོགས་གཏོང་གཞུང་ཁང་རྣམ་གྲངས་ཀྱི་མ་དངུལ་ཁ་གསལ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། “སྒུག་སྡོད་སྒྲུབ་སྐུལ་དང་ས་གནས་ས་ཐོག་ཏུ་རོགས་གཉེར”གྱི་བྱེད་ཐབས་སྤྱད་པ་བརྒྱུད། གནད་དོན་མགྱོགས་མྱུར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ“སྡོད་མཁན་ལ་ཁང་པ་ཡོད་པར”བྱས་ཡོད། མིག་སྔའི་བར་བོགས་གཏོང་གཞུང་ཁང་1639སྐྲུན་འགོ་བཙུགས་ཟིན་པ་དེས་སྤྱི་འབོར་གྱི་92%བཟུང་བ་དང་ལྷག་མ་136རྣམས་དུས་རིམ་ལྟར་སྐུལ་འདེད་མྱུར་པོ་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།