དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་དང་ཐེན་ཅིན་གྱིས་དྲ་ཐོག་ནས་ཚན་རིག་སློབ་གསོའི་ཚོད་ལྟའི་སློབ་ཚན་མཉམ་དུ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-05

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཐེན་ཅིན་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་དང་མཉམ་དུ་འཇོ་མདའ་རྫོང་དམའ་རིམ་སློབ་འབྲིང་དང་པོར་དྲ་ཐོག་ནས་ཚན་རིག་སློབ་གསོའི་ཚོད་ལྟའི་སློབ་ཚན་ཁྲིད་པའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཐེན་ཅིན་གྲོང་ཁྱེར་ཧོ་ཤིས་ཆུས་ཀྱི་ཚན་རྩལ་གཟའ་འཁོར་སྐབས་38པའི་གཞོན་ནུ་ལོ་ཆུང་གི་གསར་གཏོད་ལས་དོན་ཁང་གི་ལས་དོན་པས་རྒྱང་ཁྲིད་དྲ་ཐོག་ཚན་རིག་ཁྱབ་གདལ་གཏོང་ཐབས་སྤྱད་པ་དང་། འཇོ་མདའ་རྫོང་དམའ་རིམ་སློབ་འབྲིང་དང་པོའི་ལོ་རིམ་བདུན་པའི་འཛིན་གྲྭ་9པ་དང་10པའི་སློབ་མ་བྱེད་སྒོར་ཞུགས་ཡོད་པ་རེད།

    སྒྲོག་འགྲེལ་དགེ་རྒན་གྱིས་རྒྱལ་སྲུང་གི་གོ་དོན་དང་དེང་རབས་ཅན་གྱི་མཁའ་ཟོན་འཛུགས་སྐྲུན་ཐད་ནས་སློབ་མར་རྒྱལ་སྲུང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ། སློབ་མས་རྒྱལ་སྲུང་ལ་ངོས་འཛིན་བྱེད་ཤུགས་ཟབ་ཏུ་བཏང་བ་དང་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་དང་མི་རིགས་ཀྱི་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།