དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པ་ཟླ་བདུན་པའི་ཚེས་གསུམ་ནས་ལྔ་ཉིན་བར་ཉིང་ཁྲིར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-05

    འདི་ནི་ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཟུར་པ་ནེ་པ་ལ་རིག་གནས་ལྟེ་གནས་ཀྱི་ཀྲུའུ་ཞི་ཅཱ་ནེ་ཧྲི·ཕུའུ་ལཱ་སཱ་ཏེ·ཏི་སྨིར་ཤིས་ནཱ(གཡོན་གྱི་དང་པོ)ཡིས་ནང་མི་ཁྲིད་དེ་ཁྱད་ལྡན་ཕྱོགས་བསྡུས་འགྲེམས་ཁུལ་ལ་ལྟ་སྐོར་བྱེད་པ།

    ཕྱི་འབྲེལ་པུའུ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས(གཤམ་དུ“ཧི་མ་ལ་ཡ་སྐོར་བའི་གླེང་སྟེགས”ཞེས་བསྡུ་རྒྱུ)སྐབས་བཞི་པ་2024ལོའི་ཟླ་7ཚེས་3ནས་5ཉིན་བར་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་འཚོགས་པ་རེད།

    སྐབས་འདིའི་ཧི་མ་ལ་ཡ་སྐོར་བའི་གླེང་སྟེགས་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། གླེང་སྟེགས་ཐོག“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱས་ནས་འཕེལ་རྒྱས་དང་མཉམ་ལས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་པར”དམིགས་པ་དང་། “ཉིང་ཁྲིའི་གྲོས་གཞི་དོན་འཁྱོལ་དང་སྐྱེ་ཁམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར”དམིགས་ནས་གཙོ་དོན་གཏམ་བཤད་དང་། གྲལ་སྒོར་ཚོགས་འདུ་དང་བགྲོ་གླེང་སྤེལ་རེས། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ། དུད་ཚང་དུ་ལྟ་སྐོར་དང་འཚམས་འདྲི་སོགས་བྱེད་སྒོ་མང་པོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་བཏོན་ནས“ཧི་མ་ལ་ཡ་སྐོར་བ”ཞེས་པའི་སྤུས་རྟགས་བཏོད་དེ་བོད་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་འོས་སྦྱོར་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མཉམ་འདྲེས་ཧུར་ཐག་བཅས་བྱས་ནས། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”རམ་འདེགས་བྱ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།