དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ས་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱིར་གཏོང་གི་རྒྱལ་ཕྱིའི་མཛོད་ཁང་གི་ལས་སྒོ་ཐོག་མ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-05

    ཉིན་ཤས་གོང་། རླངས་འཁོར་གྱི་དུང་བརྡ་གྲགས་པ་དང་བསྟུན་ནས་དངོས་ཟོག་བྱུར་པོར་བླུགས་པའི་ཟོག་འདྲེན་རླངས་འཁོར་2ལྷ་ས་ནས་ཐོན། ཨ་སྒོར་ཁྲི་8རི་བའི་གྱོན་ཆས་དང་ཁྱིམ་སྤྱོད་གློག་ཆས་སོགས་ཧི་མ་ལ་ཡ་བརྒྱུད་ནས་ནེ་པ་ལའི་གྲོང་ཁྱེར་ཀ་ཏ་མན་རྡུར་ཡོད་པའི་རྒྱལ་ཕྱིའི་མཛོད་ཁང་གི་ཕྱོགས་སུ་ཐོན་པ་རེད། དེ་ནི་བོད་ཀྱི“9810”(ས་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱིར་གཏོང་གི་རྒྱལ་ཕྱིའི་མཛོད་ཁང)ཡི་ལས་སྒོ་ཐོག་མ་དེ་ཡིན་ལ། ལྷ་ས་དང་ཐ་ན་ལྗོངས་ཡོངས་སུ་གཏོགས་པའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གི་གྲུབ་འབྲས་གསར་པ་ཞིག་ཀྱང་རེད། རྒྱལ་ཕྱིའི་མཛོད་ཁང་དེའང་རྒྱལ་ཡོངས་ལ་མཚོན་ན་ནེ་པ་ལར་འགག་སྒོའི་ཐོ་བཀོད་པའི་རྒྱལ་ཕྱིའི་མཛོད་ཁང་ཐོག་མ་དེ་རེད།

    བོད་དུ་ལོ་མང་རིང་ནེ་པ་ལ་དང་ཉོ་ཚོང་བྱེད་མཁན་བོད་ལྗོངས་ཤུས་ཏ་ཐུང་ཚོང་དོན་ཚད་ཡོད་ཀུང་སིའི་འགན་འཁུར་བ་སུན་ཡུང་གིས“སྲོལ་རྒྱུན་གྱི་ཉོ་ཚོང་བྱེད་ཐབས་དང་བསྡུར་ན‘9810’ས་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་དོན་བྱེད་ཐབས་དེ་རྒྱལ་ཕྱིའི་མཛོད་ཁང་དུ་དངོས་ཟོག་གྲ་སྒྲིག་བྱས་ནས་མགྱོགས་མྱུར་ཕྱི་རྒྱལ་གྱི་འཛད་སྤྱོད་པའི་ལག་ཏུ་སྐྱེལ་ཐུབ་པས། ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་གི་ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་སྲོལ་རྒྱུན་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཟོག་འགྲེམས་མ་གནས་གྲོན་ཆུང་དང་། ཕྱིར་གཏོང་དངོས་ཟོག་སྣ་ཁ་ཕུན་སུམ་ཚོགས་སུ་གཏོང་བ། ཕྱི་རྒྱལ་གྱི་འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་གཏོང་བ་བཅས་ལ་ལམ་བུ་གསར་པ་ཞིག་བཏོད་ཡོད”ཅེས་བརྗོད།

    “‘9810’ལས་སྒོའི་བརྒྱུད་རིམ་གྱི་ལྷུ་ཚིགས་གཏོད་ཆེད། འདི་ལོ་ནས་བཟུང་ང་ཚོས་ཟླ་བ་གསུམ་གྱི་དུས་ཚོད་ནང་ནེ་པ་ལར་རྒྱལ་ཕྱིའི་མཛོད་ཁང་གི་གནས་བདམས་ནས་སྨི་ངོས་གྲུ་1700ཟིན་པའི་ཚད་ལྡན་མཛོད་ཁང་བསྐྲུན་པ་དང་ཆབས་ཅིག་འགག་སྒོའི་ཐོ་འགོད་བྱས་ཡོད། གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ས་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཁེ་ལས་དང་ཞབས་ཞུའི་ཚོང་ཁང་ཁག་གཅིག་སྐྱེད་སྲིང་དང་ནང་འདྲེན་བྱས་ནས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། ‘དྲ་ཐོག+དྲ་ཕྱི’དང‘རྒྱལ་ནང+ཕྱི་རྒྱལ’མཉམ་འགུལ་བཞི་མཐའ་འཁྱོངས་བྱས་ཏེ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་དང་། ཕྱི་རྒྱལ་དུ་མཛོད་ཁང་སྐྲུན་པ། ཕྱི་རྒྱལ་དུ་འགྲེམས་ཞུགས་སོགས་ཕྱིར་ཚོང་ཐབས་ལམ་གྱི་སྣ་འདུས་ཐབས་བཟང་འདོན་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཀོང་ཡའོ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།