ཞི་ཅིན་ཕིང་གིས་ཨ་རིའི་གཞོན་ནུ་ལོ་ཆུང་གི“ལང་ཚོའི་མཉམ་སྐྱོད”སྤེལ་རེས་ཚོཌ་པར་ལན་བསྐུར་གནང་བ།
ཟླ་7ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་གཞོན་ནུ་ལོ་ཆུང་གི“ལང་ཚོའི་མཉམ་སྐྱོད”སྤེལ་རེས་ཚོགས་པར་ལན་བསྐུར་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་ཐད་རེ་བ་ནི་མི་དམངས་ལ་རག་ལས་པ་དང་། རྨང་གཞི་ནི་དམངས་ཁྲོད་ལ་རག་ལས་པ། འབྱུང་འགྱུར་ནི་གཞོན་ནུར་རག་ལས་པ། གསོན་ཤུགས་ནི་ས་གནས་ལ་རག་ལས་པ་བཅས་རེད། ཁྱེད་ཚོས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཀྲུང་གོ་ཤེས་ཚོར་དང་། ཀྲུང་གོ་མྱོང་རོལ། ཀྲུང་གོ་ཤེས་རྟོགས་བཅས་བྱས་ཏེ་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་སྤེལ་རེས་མཉམ་འགུལ་གྱིས་རོགས་ཟླ་བཟང་པོ་དང་གྲོགས་པོ་བཟང་པོར་འགྱུར་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་བརྩེ་སེམས་ཀྱི་ཟམ་པ་དེ་བས་མང་བ་བསྐྲུན་ཏེ། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་འགྲོ་བར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
ཨ་རིའི་གཞོན་ནུ་ལོ་ཆུང་གི“ལང་ཚོའི་མཉམ་སྐྱོད”སྤེལ་རེས་ཚོགས་པ་ནི་ཨ་རིའི་ཀྲོའུ་7གྱི་སློབ་འབྲིང་14ཡི་དགེ་སློབ་ཀྱི་འཐུས་མི་190ཙམ་ལས་གྲུབ་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་གདན་དྲངས་ཏེ་སྣེ་ལེན་ཞུས་པ་ཞིག་རེད།