དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-03

    རིགས་པའི་གཞུང་ལུགས་ཀྱི་སྐད་སྒྲ་གཅིག་ཏུ་བསྡུས། དུས་རབས་གསར་པའི་རིག་གནས་འགན་འཁྲི་མཉམ་དུ་འཁུར། ཟླ་6ཚེས་29ཉིན། ནན་ཁའེ་སློབ་ཆེན་དུ་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གཉེར་བ་དང་རྒྱལ་ནང་གི་མཁས་དབང་གྲགས་ཅན་ནན་ཁའེ་སློབ་ཆེན་དུ་འཛོམས་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཤིང་། “དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང”ཞེས་པའི་བརྗོད་དོན་གཙོ་བོ་དེར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    ད་རེས་ཀྱི་གླེང་སྟེགས་ནི་ནན་ཁའེ་སློབ་ཆེན་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་ཞིག་རེད། ད་རེས་ཀྱི་གླེང་སྟེགས་ནང་ད་དུང་རིམ་མཚུངས་གླེང་སྟེགས་ཐེངས་4བཙུགས་ཏེ་ཚོགས་ཞུགས་མཁས་དབང་རྣམ་པས“‘ཟུང་འབྲེལ་གཉིས’དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང” “དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང” “ཀྲུང་ཧྭའི་ཁྲིམས་སྐྱོང་ཤེས་དཔལ་གྱི་སྲོལ་རྒྱུན་དང་དེང་རབས”“དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་དང་བཅོས་སྐྱོང”སོགས་ནས་གནའ་དེང་སྐྱོང་བ་དང་ཀྲུང་ནུབ་མཉམ་འདྲེས་བྱས་ཏེ་རིག་གཞུང་དར་རྒྱས་དང་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ཇི་ལྟར་བྱ་རྒྱུར་གྲོས་བསྡུར་གཏིང་ཟབ་བྱས་ཡོད།

    དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱི་མཐོ་རིམ་གླེང་སྟེགས་2020ལོར་ཐོག་མར་གཉེར་ཞིང་། དེའི་དམིགས་ཡུལ་ནི་རིག་ཚན་མི་འདྲ་བའི་བར་གྲོས་བསྡུར་དང་སྐད་ཆ་ཤོད་རེས་གཏིང་ཟབ་བྱས་པ་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱ་ཆེད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཡོང་བ་དང་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་རྒྱུ་དེ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།