“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱའི”བྱེད་སྒོ་ཐེངས་143པ་སྤེལ་བ།
ཚེས་28ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའི་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱའི”བྱེད་སྒོ་ཐེངས་143པ་ཀྲེ་ཅང་སློབ་ཆེན་ཙེ་ཅིན་ཀང་སློབ་ཁུལ་དུ་སྤེལ་བ་རེད། ཀྲེ་ཅང་སློབ་ཆེན་ཀྲུང་གོའི་གནའ་རབས་ཡིག་རིས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང“ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རི་མོའི་ཚན་ཁག་ཆེན་པོ”རྩོམ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན་ཅིན་ཞའོ་མིང་གིས་གཏམ་བཤད་སྤེལ་བ་རེད།
ཅིན་ཞའོ་མིང་གིས《དྭངས་གསལ་ཆུ་གྲོང་རི་མོ》སོགས་རྒྱུན་གནས་ཤུལ་བཞག་གྲགས་ཅན་རི་མོ་ནས་འགོ་བརྩམས་ཏེ། ཀྲུང་གོའི་སྲོལ་རྒྱུན་རི་མོའི་ནང་དོན་དང་སྒྱུ་རྩལ་སྐད་ཆའི་མཚོན་ཚུལ་གྱི་ཁྱད་ཆོས་ངོ་སྤྲོད་བྱས་པ་དང་། 《སུང་རྒྱལ་རབས་རི་མོའི་བརྩམས་ཆོས་ཆ་ཚང》དང“ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རི་མོའི་ཚན་ཁག་ཆེན་པོ”རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་གཙོ་གནད་དུ་བརྗོད་ཡོད། “ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རི་མོའི་ཚན་ཁག་ཆེན་པོས”དེའི་ཕྱོགས་ཡོངས་རང་བཞིན་དང་། བརྒྱུད་རིམ་རང་བཞིན། གནད་འཁེལ་རང་བཞིན་བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཀྲུང་གོའི་སྲོལ་རྒྱུན་རི་མོའི་གསུང་རབ་དང་ལོ་རྒྱུས་མངོན་ཡོད། “ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རི་མོའི་ཚན་ཁག་ཆེན་པོས”སྲོལ་རྒྱུན་རི་མོ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེང་རབས་འཚོ་བར་མཉམ་འདྲེས་བྱེད་པར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། དེ་དང་ཆབས་ཅིག“ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རི་མོའི་ཚན་ཁག་ཆེན་པོས”རྒྱལ་ཁབ་གཞན་དག་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཀྲུང་གོའི་ལོ་རྒྱུས་ཤེས་རྟོགས་བྱེད་པར་དགོས་ངེས་ཀྱི་ནུས་པ་ཐོན་ཡོད།