ཕྱི་རྒྱལ་སྲིད་ཏང་གི་འགོ་ཁྲིད་མི་སྣས་ཞུང་ཨན་ཁུལ་གསར་དུ་བསྐྱོད་པ།
—— ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཉམས་ལེན་བྱས་པ།
ཟླ་6ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཀྲུང་གུང་ཧོ་པེ་ཞིང་ཨུད་དང་ཞུང་ཨན་ཁུལ་གསར་ཏང་གི་ལས་དོན་ཨུ་ལྷན་དང་མཉམ་དུ་གཉེར་བའི“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད——ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞུང་ཨན་དུ་ལག་ལེན་བསྟར་བ”ཞེས་པའི་ཆེད་དོན་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་ཞུང་ཨན་ཁུལ་གསར་དུ་འཚོགས་པ་རེད། རྒྱལ་ཁབ་40ཙམ་ནས་ཡོང་བའི་སྲིད་ཏང་གི་འགོ་ཁྲིད་མི་སྣའམ་ཡང་ན་འཐུས་མི་230ལྷག་ཙམ་ས་གནས་ས་ཐོག་གི་ཚོགས་འདུར་ཞུགས་པ་རེད། དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་མ་འཚོགས་གོང་། ཚོགས་ཞུགས་འཐུས་མི་ཞུང་ཨན་ཁུལ་གསར་གྱི་གྲོང་ཁྱེར་སྤྱི་གླིང་དང་། སྡེ་ཁུལ། འགྲེམས་ཁང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་བཅས་སུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་དང་། གྲོང་མིའི་འཚོ་བ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་ཐད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞུང་ཨན་ཁུལ་གསར་དུ་གསོན་ཉམས་ལྡན་པའི་ངང་ལག་ལེན་བསྟར་ཚུལ་ཉམས་ལེན་བྱས་ཁར། “འབྱུང་འགྱུར་གྱི་གྲོང་ཁྱེར”འདིའི་འཕེལ་རྒྱས་ཀྱི་དཔང་པོ་ཡང་བྱས་ཡོད།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན”
ཞུང་ཨན་ཁུལ་གསར་དུ་ཧྭ་པེ་ཀླུང་ཐང་གི་ཚྭ་མེད་མཚོ་ཆེ་ཤོས་པའེ་དབྱང་ཏེན་ཡོད་ཅིང་། ལོ་མང་རིང་གཞི་ཁྱོན་ཆེན་པོས་སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོ་བྱས་པ་བརྒྱུད། པའེ་དབྱང་ཏེན་གྱི་ཆུ་སྤུས་དག་ཚད་IIIརིགས་ཀྱི་ཚད་གཞི་རྒྱུན་འཁྱོངས་ཐུབ་ནས“ཧྭ་པེའི་མུ་ཏིག”གི་བཀྲག་མདངས་སླར་ཡང་འཚེར་བར་བྱས་ཡོད།
འཐུས་མི་ཚོས་པའེ་དབྱང་ཏེན་གྱི་ཆེས་བྱང་ཕྱོགས་ཀྱི་ཡན་ནན་ཆུ་རགས་སྤྱི་གླིང་དུ་སྐྱོད་སྐབས“འདམ་རའི་པད་མའི་རྫིང་ནས། རླབས་སྔོན་ཡམ་ཡོམ་གཡོ་བའི”མཛེས་ལྗོངས་ལས་ཁོང་ཚོའི་ཡིད་དབང་རྦད་དེ་འཕྲོག་ནས་ཚང་མས་ལག་ཐོགས་ཁ་པར་བཏོན་དེ་པར་ཡང་ཡང་བརྒྱབ།
ཁུ་པ་གུང་ཁྲན་ཏང་ཉི་ཁོ·ལུའོ་ཕེ་སི་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཏི་ཡཱ་ནེ་ལི་སི·ཅ་ཤིས་ཡ·ཨ་ཁོ་སི་ཐ་ཡིས“ད་ཐེངས་ང་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན། པའེ་དབྱང་ཏེན་གྱི་མཛེས་ལྗོངས་མཐོང་སྐབས་ཧ་ཅང་དགའ་པོ་འདུག ཡངས་ཤིང་རྒྱ་ཆེ་བའི་མཚེའུ་མཐོང་སྐབས་སེམས་པ་ལྷོད་ལ་བབས་སོང་། ཞུང་ཨན་ཁུལ་གསར་གྱིས་པའེ་དབྱང་ཏེན་བཅོས་སྐྱོང་ཐུབ་པ་དེ་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན་པ་གང་ལེགས་མཚོན་ཡོད། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གིས་ས་གནས་དེ་གའི་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད”ཅེས་བརྗོད།
གཡོད་རུང་སྤྱི་གླིང་ནི་ཞུང་ཨན་ཁུལ་གསར་གྱི་གྲོང་ཁྱེར་སྤྱི་གླིང་ཆེ་གྲས་གཞན་ཞིག་ཡིན་ཞིང་། དེའི་ནང་འཆམ་འཆམ་བྱེད་སྐབས་གོམ་པ་རེ་ལ་ཡུལ་ལྗོངས་རེ་མཐོང་རྒྱུ་ཡོད། བསིལ་ཁང་དང་བ་གམ་དང་། ཆུ་འགྲམ་བར་ཁྱམས། སྔོ་ལྗང་རྩི་ཤིང་བཅས་ཀྱི་རྒྱན་སྤྲོས་འོག་འཐུས་མི་ཚོར་གནའ་བོའི་སྐྱེད་ཚལ་དུ་སླེབས་པ་ལྟར་གྱི་ཚོར་སྣང་སྦྱིན་ཡོད།
“ཀྲུང་གོའི་སྲོལ”གྱིས་བརྒྱན་པའི་སྐྱེད་ཚལ་མཛེས་ལྗོངས་ལས་རོ་མ་ནི་ཡའི“རྒྱུད་གཅིག་ལམ་གཅིག”གྲོས་འགོ་ཞིབ་འཇུག་སུའོ་ཡི་ཀྲུའུ་རེན་མར་ཆེ་ལཱ·ཅཱ་ནེ་ཡར་བག་ཆགས་ཟབ་མོ་བཞག་ཡོད། “ཁྱེད་ཀྱིས་གཟིགས་དང་། དེ་ནི་ངས་བརྒྱབ་པའི་པར་ཡིན། ང་རང་སྤྱི་གླིང་དང་སྐྲུན་དངོས་དེ་རིགས་ལ་དགའ་པོ་ཡོད”ཅེས་བརྗོད།
“ངས་གྲོང་ཁྱེར་དེའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་མཐོང་བྱུང”
ཨེ་ཤེ་ཡ་དར་གོས་ལམ་བུ་ཚོགས་པའི་གསར་གཏོད་པ་དང་ཀྲུའུ་ཞི་གཅིག་ལྕོགས་ཕི་ཨེར·སྨི་ལུའོ་ཧྲི་ཉི་ཁོ་ཧྥུའུ་ཡིས“ཞུང་ཨན་ཁུལ་གསར་གྱི་འཕེལ་རྒྱས་མཐོང་སྐབས་ང་རྦད་དེ་ཧང་སངས་བྱུང་། དེ་གར་གསོན་ཤུགས་ཀྱིས་ཁེངས་འདུག གྲོང་ཁྱེར་དེའི་ཕྱོགས་གང་ས་ཅི་ཐད་ཀྱི་འཆར་འགོད་ཡག་པོ་བྱས་འདུག ལག་རྩལ་གསར་པ་རྒྱུན་ཆད་མེད་པར་སྤྱོད་བཞིན་ཡོད་ལ། འགྲིམ་འགྲུལ་ལྟེ་གནས་གསར་པའང་སྐྲུན་བཞིན་ཡོད། ཞུང་ཨན་ཁུལ་གསར་གྱིས་ད་དུང‘རིག་ལྡན་གྲོང་ཁྱེར’སྐྲུན་བཞིན་ཡོད། ངས་འགྲེམས་སྟོན་ཁང་ནས་གྲོང་ཁྱེར་དེའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་མཐོང་བྱུང”ཞེས་བརྗོད།
ཝུ་ར་ཀུའེ་ཡི《ཉིན་རེའི་ཚགས་པར》ཚན་རྩལ་པར་ངོས་ཀྱི་རྩོམ་སྒྲིག་པ་ལའེ་ཨན་ཏེ་ལུའོ·ལཱ་ཀེ་སིས་གསར་འགོད་པར“དེ་ངའི་ངོས་ནས་བརྗོད་ན་ཉམས་ལེན་གསར་རྐྱང་ཞིག་ཡིན། ངས་སླར་ཡང་ཞུང་ཨན་ཁུལ་གསར་གྱི་འགྱུར་ལྡོག་གསར་པར་ཐེངས་གཅིག་ལྟ་བར་ཡོང་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།
ཞུང་ཨན་ཁུལ་གསར་རུང་ཏུང་ཁུལ་ནན་ཝུན་ཡིང་སྡེ་ཁུལ་གྱི་གྲོང་མིའི་རྒྱུན་གཏན་འཚོ་བར་རོ་མ་ནི་ཡ་ཀྲུང་དབྱང་སྲིད་གཞུང་གིས་ནེ་ཡ་མུའུ་ཚི་ཞིང་ཆེན་ལ་མངགས་གཏོང་བྱས་པའི་དོན་གཅོད་ཁྲུའུ་ཡི་མགྲིན་ཚབ་པ་དང་མཐོ་རིམ་དབྱེ་ཞིབ་མཁས་ཅན་ཁ་མེ་ལི་ཡཱ·ཐུའུ་ཏོ་སའེ་ཡི་སྤྲོ་བ་འཕེལ་ཡོད། ཁོང་གིས་ཞུང་ཨན་ཁུལ་གསར་དུ་གསོན་ཤུགས་ཀྱིས་ཁེངས་པ་དང་ལྷག་དོན་དུ་སྐར་མ་15ཡི་འཚོ་བའི་འཁོར་རྒྱ”དཔྱད་གཞིར་འཛིན་པར་དོན་སྙིང་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། “དེ་ནི་ཧ་ཅང་སྤྲོ་སྣང་ལྡན་པའི་འཚོ་བའི་ལྟ་སྟངས་ཤིག་ཡིན་ཞིང་། དེས་གྲོང་མིར་རེ་བ་སྦྱིན་ཐུབ་པ་དང་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་འགྱུར་ཐུབ་པའི་རེ་བ་སྦྱིན་ཡོད”ཅེས་ཁོང་གིས་བརྗོད།
“རྒྱལ་ཁབ་གཞན་གྱི་གྲོང་ཁྱེར་ཅན་འཕེལ་རྒྱས་ལ་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་པ”
ཞུང་ཨན་ཁུལ་གསར་བཙུགས་ནས་ལོ་7ལྷག་ཙམ་སོང་རིང་། རིམ་རྩིས་བྱས་ན་གཙོ་གནད་རྣམ་གྲངས་383ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་7100ལྷག་ཙམ་བཏང་བ། ཐོག་བརྩེགས་ཁང་ཆེན་4180བསྐྲུན་ཏེ་མེད་པ་ནས་ཡོད་པའི་བར་དང་འཆར་འགོད་ནས་མངོན་གསུམ་དུ་འགྱུར་བའི་བར་གྱི་འགྱུར་ལྡོག་བྱུང་ཡོད། ཞུང་ཨན་ཁུལ་གསར་གྱི་འགོ་ཚུགས་ཁུལ་ཞུང་ཨན་གྲོང་སྦྲེལ་ས་ཚིགས་དང་དེ་བཞིན་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཡུག་ཁུལ་ཚ་ཚ་འུར་འུར་ངང་སྐྲུན་པའི་རྣམ་པར་འཐུས་མི་ཚོ་ཧང་སངས་ཡོད།
སི་ཕེན་གྱི་ཇུས་འདོན་ཚོགས་པ་ཀྲེ་ཧྭ་འཆད་ཁྲིད་ཁང་གི་བློ་འདྲི་བ་ཧུའུ་ཨན·ཨན་ཏེ་ལེ་སི·ཅཱ་སི་ཁུང་གིས“ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་རྣམ་པར་ང་ཧང་སངས་བྱུང་། ས་ཆ་གཞན་དུ་གཞི་ཁྱོན་དེ་འདྲ་ཆེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱ་ཡུལ་མཐོང་རྒྱུ་མེད། གྲོང་ཁྱེར་འཛུགས་སྐྲུན་བྱེད་སྟངས་གསར་པ་དེ་རིགས་ལ་ང་ཚོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཆེན་པོ་འདུག་པས། སི་ཕེན་གྱི་མི་དེ་བས་མང་བ་ཞུང་ཨན་ཁུལ་གསར་དུ་ལྟ་བར་ཡོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།
ཨ་ཀེན་ཐིན་གྱི་ཧྲེང་ཏི་ཡ་ཀོ—ཏེར་ཨེ་སི་ཐེ་ལུའོ་ཞིང་ཆེན་གྱི་གྲོས་མི་དང་སྤྱི་མཐུན་རྒྱལ་ཁབ་ཇུས་གཞིའི་ཏང་ཧྲེང་ཏི་ཡ་ཀོ—ཏེར་ཨེ་སི་ཐེ་ལུའོ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཅཱ་ཕུའུ་ལེར·སང་ཏི་ལན་གྱིས་ཉེ་ཆར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཀྲུང་གོའི་རྒྱལ་ཁབ་ཀྱི་འཐབ་ཇུས་འདིར་ཤེས་རྟོགས་གཏིང་ཟབ་བྱས་པ་དང་དེ་ནས་ཞུང་ཨན་ཁུལ་གསར་གྱིས་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་རྣམ་གྲངས་གསེད་བཀྲོལ་ལ་ལྟ་སྐོར་བྱས་པ་དང་ཟུང་འབྲེལ་བྱས་པས་ཀྲུང་གོའི་འཐབ་ཇུས་ཀྱི་མིག་རྒྱང་དང་ཡུན་རིང་གི་འཆར་འགོད་ལ་ཧང་སངས་པ་རེད། ཁོང་གིས“དེ་གར་ཀྲུང་གོས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་མི་དམངས་ཀྱི་སྐྱིད་སྣང་ཆེ་རུ་གཏོང་རྒྱུ་ཨང་དང་པོར་འཇོག་པ་རང་ངོ་མས་ཚོར་བྱུང་། ཞུང་ཨན་ཁུལ་གསར་གྱི་འཆར་འགོད་ནི་བྱེད་དགོས་ངེས་ཤིག་ཡིན་པ་དང་ཧ་ཅང་གྲུབ་འབྲས་ཐོབ་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།