དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་ལེན་བསྟར་བའི”བརྗོད་དོན་གཙོ་བོའི་བཅར་འདྲི་ཚོགས་པ་མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དུ་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-03

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་26ཉིན“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་ལེན་བསྟར་བའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་དང་མཚོ་སྔོན་གྱི《ཏང་གི་འཚོ་བ》ཞེས་པའི་དུས་དེབ་བཏོན་ནས་ལོ་40འཁོར་བའི་བྱེད་སྒོ་རབ་དང་རིམ་པའི་བཅར་འདྲི་ཚོགས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དུ་བསྐྱོད་དེ་མཚོ་སྔོན་ཞིང་ཆེན་གྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བྱས་ཤིང་། མི་རིགས་ཀྱི་སྒལ་ཚིགས་དྲང་པོར་འདྲོང་བའི་གསར་བརྗེའི་རིག་གནས་ལ་དམིགས་ཏེ“མདེལ་གཉིས་སྐར་གཅིག”གི་འོད་སྟོང་འབར་བའི་ལོ་རྒྱུས་བསྐྱར་དྲན་བྱས་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ཉམས་སུ་མྱངས་པ་རེད།

    མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་ནི་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་ཀྲུང་གོའི་རྡུལ་ཕྲན་ནུས་པའི་བཟོ་ལས་གསར་གཏོད་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་རྡུལ་ཕྲན་གྲོང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གཟི་བརྗིད་ལྡན་པའི་གྲུབ་འབྲས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ངོ་སྤྲོད་བྱེད་པའི་ཆེད་དོན་དྲན་གསོ་ཁང་འབའ་ཞིག་དེ་ཡིན་པས། རང་རྒྱལ་གྱི“མདེལ་གཉིས”ཞིབ་བཟོའི་བརྒྱུད་རིམ་རླབས་པོ་ཆེ་གཅིག་སྡུད་ཐོག་མཚོན་ལ། “མདེལ་གཉིས་སྐར་གཅིག”ལས་གྲྭས་ཀྲུང་གོ་རང་ཚུགས་རང་བདག་གི་འཕེལ་རྒྱས་ལམ་བུར་སྐྱོད་པར་བློ་སྒོ་འབྱེད་པའི་དོན་སྙིང་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་དུས་རབས་ཀྱི་རིན་ཐང་ཡང་མངོན་ཡོད། དྲན་གསོ་ཁང་ནང་གི་སྲོལ་རྒྱུན་གྱི་པར་རིས་དང་། ལོ་རྒྱུས་རིག་དངོས་དང་དེང་རབས་ཚན་རྩལ་ཟུང་འབྲེལ་བྱས་པའི་221ལས་གྲྭའི་ཐབས་ཇུས་དང་། འཛུགས་སྐྲུན། ཐོན་སྐྱེད། ཞིབ་བཟོ། དམག་ཁོངས་ནས་ཕྱིར་འཐེན་བཅས་ཀྱི་ལག་ལེན་བརྒྱུད་རིམ་ཡོངས་ཀྱི་འགྲེམས་སྟོན་ལ་ནན་ཏན་བལྟས་པ་བརྒྱུད། འགྲེལ་བཤད་པས་བརྩེ་དུང་ཟབ་མོའི་ངང་རྡུལ་ཕྲན་གྲོང་དང“མདེལ་གཉིས་སྐར་གཅིག”གི་བྱས་རྗེས་མི་སྣའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ལ་ཉན་པས་བཅར་འདྲི་ཚོགས་པའི་ཁོངས་མིར་སེམས་འགུལ་དང་སློབ་གསོ་ཆེན་པོ་ཐེབས་པ་མ་ཟད། སྙིང་སྟོབས་ཆེར་བསྐྱེད་དང་བསམ་བློའི་གོ་རྟོགས་མཐོ་རུ་སོང་ནས་མཚོ་སྔོན་ནི་ས་བབ་ཀྱི་མཐོ་ས་ཡིན་ལ་སྙིང་སྟོབས་ཀྱི་མཐོ་སའང་ཡིན་པ་ཚོར་ཡོད་པ་རེད།

    《སི་ཁྲོན་ཏང་གི་འཛུགས་སྐྱོང》དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཁྲེན་ཆིང་གིས། མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དུ་བསྐྱོད་ནས“གུར་གསུམ་ལ་བརྟེན་ནས་ལས་གཏོད་འགོ་བརྩམས་པའི”དཀའ་སྤྱད་ལས་གཏོད་ཀྱི་གཏམ་རྒྱུད་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་ཤིང་། རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་ཀྱི་རང་ཚུགས་རང་བརྟེན་ལ་སྤོབས་པ་རབ་ཏུ་སྐྱེས་པ་དང་འཛུགས་སྐྲུན་པ་ཚོས་གསར་གཏོད་བྱས་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་སྔར་བས་ཕྱོགས་ཡོངས་ནས་གོ་བ་ཟབ་མོ་ལོན་བྱུང་ཞེས་བརྗོད་ཅིང་། ད་དུང་ཁོང་གིས། ཀྲུང་ཧྭ་མི་རིགས་ཀྱི་སྒལ་ཚིགས་དྲང་པོར་འདྲོང་བའི་ཡུལ་ལུང་འདིར“གནམ་ས་སྒུལ་བའི་ལས་དོན་བསྒྲུབས། རུས་མིང་གསང་བའི་སྐད་གྲགས་ཅན་ཞིག་བྱེད་པའི”ལོ་རྒྱུས་ལ་བསྐྱར་དྲན་བྱས་པ་དང་། གསར་འགྱུར་ལས་དོན་པར་དཀའ་སྤྱད་འབད་འཐབ་དང་རྩེ་མོར་འཛེག་ཕོད་པར་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་བྱས་ཡོད་ཅེས་བརྗོད་ཡོད།

    “མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་རྗེས་ཧ་ཅང་ངོ་མཚར་སྐྱེ་དགོས་པ་ཞིག་འདུག ཅང་ཞི་ཡང་གསར་བརྗེའི་དྲན་ཤེས་ཀྱིས་ཡོངས་སུ་ཁེངས་པའི་གསར་བརྗེའི་ཡུལ་ཁམས་ཤིག་རེད། གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་ཀྲུང་ཧྭའི་བུ་ཕྲུག་གྲངས་མེད་ཀྱིས་བཏོད་པའི་ཅིང་ཀང་རི་བོའི་སྙིང་སྟོབས་དང་། སུའུ་ཁུལ་གྱི་སྙིང་སྟོབས། རྒྱང་སྐྱོད་ཀྱི་སྙིང་སྟོབས་བཅས་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་གཅིག་རྒྱུན་གཅིག་འཛིན་ཡིན་ཞིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་གཅིག་ལ་གཅིག་བརྟེན་གྱི་གྲུབ་ཆ་དང་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་རེད”ཐོན་སྐྱེད་ནུས་ཤུགས་གསར་མ་དང་ལྟེ་བའི་ལག་རྩལ་སོགས་སྤྱི་འབངས་ཀྱིས་ཚད་མཐོའི་དོ་ཁུར་དང་བགྲོ་གླེང་འཁྲུག་པོ་བྱེད་པའི་གནད་ཚིག་ཏུ་འགྱུར་སྐབས། ང་ཚོས་དེ་བས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས《དེང་རབས་ཅང་ཞི》ཡི་དུས་དེབ་ཁང་གི་རྩོམ་སྒྲིག་ཁང་གཉིས་པའི་རྩོམ་ཞུས་པ་གཞོན་པ་ཐང་ཅན་ཕིང་གིས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།