དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་རོང་རྫོང་ཨུད་རྩ་འཛུགས་པུས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-03

    ཏང་ནང་ཁུལ་གྱི་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་ཏང་ཡོན་ལས་བྱེད་པའི་དབར་མཐུན་སྒྲིལ་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར། ལྷོ་རོང་རྫོང་ཨུད་རྩ་འཛུགས་པུས“ཞི་དྲག་གཉིས་འཇོན”གྱི་སྤྲོ་སྣང་ལྡན་པའི་རོལ་རྩེད་འགྲན་བསྡུར་དང“རྩ་འཛུགས་ཀྱི་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    སྤྲོ་སྣང་ལྡན་པའི་རོལ་རྩེད་འགྲན་བསྡུར་གྱི་རྣམ་པ་འདྲ་མིན་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་ཤིང་། ཡིག་གཟུགས་དང་མིག་མངས་རིགས་ཀྱི་འགྲན་བསྡུར་ཁྲོད་ཏང་ཡོན་ལས་བྱེད་པས་བསམ་པའི་ཉམས་འགྱུར་ཡག་པོ་དང་རིག་རྩལ་བྱང་ཚད་མཐོ་པོ་མངོན་པར་བྱས་ཡོད། སྣུམ་ཟོམ་ལ་རིལ་བ་དང་ཐག་པ་འཐེན་པ་སོགས་ཀྱི་སྤྲོ་སྣང་ལྡན་པའི་རོལ་རྩེད་ཁྲོད་ཏང་ཡོན་ལས་བྱེད་པས་སེམས་ཤུགས་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་རྩ་འཛུགས་ལས་བྱེད་པའི་ཚོགས་པའི་སྙིང་སྟོབས་དང་ཞུམ་མེད་ཀྱི་སེམས་ཤུགས་མངོན་པར་བྱས་ཡོད། ཏང་ཡོན་ལས་བྱེད་པའི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། བྱེད་སྒོ་སྤེལ་རིང་ད་དུང་བྱེད་སྒོར་ཞུགས་མཁན་ལ་ཏང་གི་རིགས་པའི་གཞུང་ལུགས་དང་འབྲེལ་བའི་ཀློག་དེབ་ཁྱོན་རིགས་12ཀྱི་དེབ་750ལྷག་ཙམ་སྤྲད་པ་རེད།

    འགྲན་བསྡུར་མཇུག་འགྲིལ་རྗེས། ཏང་ཡོན་ལས་བྱེད་པ་རྣམས་ནས་ཡག་གྲོང་ཚོར་བསྐྱོད་དེ“ལྗང་མདོག་ཁོར་ཡུག་སྲུང་སྐྱོང་ཁྲོད་ང་རང་ཞུགས་པའི”བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། ཏང་ཡོན་ཡོངས་ཀྱིས་ལས་བགོས་ཁ་གསལ་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ་གང་སར་གཡུགས་པའི་འཐུང་བྱའི་འགྱིག་དམ་དང་འགྱིག་ཤོག་སོགས་ཀྱི་གད་སྙིགས་གཙང་སེལ་བྱས་པས་གྲོང་ཚོའི་ཁོར་ཡུག་ལེགས་སུ་ཕྱིན་པ་རེད།

    ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་བརྒྱུད་ལས་བྲེལ་ཆེ་བའི་ཏང་ཡོན་ལས་བྱེད་པ་ལས་ཞོར་དུ་ལུས་སེམས་ལྷོད་ལ་བབས་པ་དང་། མཐུན་སྒྲིལ་མཉམ་སྒྲུབ་བྱེད་པའི་ཁྲོད་ཏང་ཡོན་ལས་བྱེད་པའི་དབར་མཛའ་གྲོགས་ཟབ་ཏུ་ཕྱིན་པ་དང་བློ་སྟོབས་ལ་ཞུར་བརྡར་ཐེབས་ཡོད། ཚང་མས་དེ་བས་དཔའ་ངར་ཆེ་བའི་བསམ་པའི་ཉམས་འགྱུར་དང་དེ་བས་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།