དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧེ་ལུང་ཅང་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཁང་དམར་རྫོང་གི་སྐྱ་གྲིབ་ནད་པར་བརྟག་དཔྱད་ སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-03

    ཉེ་ཆར། ཁང་དམར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཁང་དམར་རྫོང་ལྟེ་བའི་སྨན་ཁང་གིས་གདན་ཞུ་དང་མཐུན་སྦྱོར་བྱས་རྗེས། ཧེ་ལུང་ཅང་ཞིང་ཆེན་མིག་ནད་ཚན་ཁག་སྨན་ཁང་གི“གངས་ལྗོངས་ཀྱི་འོད་སྣང་བྱ་སྤྱོད”བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཁང་དམར་རྫོང་དུ་སྐྱ་གྲིབ་ནད་པར་བརྟག་དཔྱད་དང་སྨན་བཅོས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གངས་ལྗོངས་ཀྱི་འོད་སྣང་བྱ་སྤྱོད”བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་ལ་དུག་ཁྱད་བསད་བྱས་ཏེ་སྐྱ་གྲིབ་ནད་པར་བརྟག་དཔྱད་བྱས་པ་དང་ཆ་རྐྱེན་དང་མཐུན་པའི་ནད་པར་སྐྱ་གྲིབ་གཤགས་བཅོས་སོགས་བྱས་པ་མ་ཟད། ད་དུང་སྨན་རིན་མི་དགོས་པར་སྨན་སྤྲད་པ་དང་མིག་ནད་སྔོན་འགོག་དང་སྨན་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། དུས་ཡུན་ཉིན་གསུམ་གྱི་བྱེད་སྒོ་སྤེལ་རིང་། སྨན་བཅོས་རུ་ཁག་གིས་སྐྱ་གྲིབ་ནད་པ་151ལ་རིན་པ་མི་དགོས་པར་བརྟག་དཔྱད་བྱས་ཏེ་མི་26ལ་སྐྱ་གྲིབ་གཤགས་བཅོས་སོགས་བྱས་པ་དང་ནད་པར་སྨན་རིན་མི་དགོས་པར་སྨན་སྣ་རིགས་་31སྤྲད་པ་རེད།

    ཁང་དམར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བས། གོམ་སྟབས་རྗེས་མར་བོད་སྐྱོར་སྟོབས་ཤུགས་མུ་མཐུད་ཡག་པོ་སྤྱད་དེ་མང་ཚོགས་ཀྱི་བདེ་ཐང་གི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། དཀའ་ངལ་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།