དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས“ཡ་རབས་འཕྲིན་ཐུང”བསྐུར་ནས་ཤེས་དཔལ་འཛུཌ་གཏོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-03

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས་ཀྲུང་གོ་སྒུལ་བདེ་དང་། ཀྲུང་གོ་ལེན་ཐུང་། ཀྲུང་གོ་གློག་འཕྲིན་བཅས་འཕྲིན་གཏོང་ཀུང་སི་གསུམ་གྱི་འཕྲིན་ཐུང་ལས་སྟེགས་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ལ་ཡ་རབས་འཕྲིན་ཐུང་བསྐུར་བ་རེད།

    ད་ཐེངས་གྲོང་ཁྱེར་ཡོངས་ཀྱི་ལག་ཐོགས་ཁ་པར་སྤྱོད་དུད་ཁྲི་39.48ལ་ཡ་རབས་འཕྲིན་ཐུང་བསྐུར་ཅིང་། འཕྲིན་ཐུང་ནང་དོན་ཐད《ལྷོ་ཁ་གྲོང་ཁྱེར་གྱི་ཡ་རབས་བྱ་སྤྱོད་ཡར་སྐུལ་སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱ་རྒྱུ་གཙོ་བོར་བཟུང་ཐོག་ཚང་མར་ཚན་རིག་དང་ཤེས་དཔལ་ལ་བརྩི་མཐོང་དང་། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་རྩ་གཏོར། ལུགས་སྲོལ་དང་གོམས་གཤིས་ངན་པ་བཀག་འགོག རྒྱས་སྤྲོས་འཕྲོ་བརླག་ལ་ངོ་རྒོལ། ཧུར་བརྩོན་གྲོན་ཆུང་ནན་ཏན། སྲོལ་གསར་སྤྱོད་བཟང་དར་སྤེལ། ཡ་རབས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་གོམས་པ། གོམས་སྲོལ་སྒྱུར་པའི་དར་སྤེལ་བ་དང་སྔོན་སྐྱོད་པ་ཧུར་ཐག་བྱེད་པ་བཅས་ཀྱི་དྲན་སྐུལ་བྱས་ནས། ཀུན་གྱིས་སྲོལ་ཡིག་སྦྱོང་བ་དང་ཀུན་གྱིས་སྲོལ་ཡིག་བརྩི་སྲུང་ཞུ་བའི་རྣམ་པ་ཟབ་མོ་དང་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཆགས་པར་བྱ་རྒྱུ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།