དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གོ་འཇོ་རྫོང་གིས“བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-03

    ཉེ་ཆར། གོ་འཇོ་རྫོང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང(འཕྲལ་འདོམས་དོ་དམ་ཅུས)གིས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་སྒྲིག་འཛུགས་བྱས་ནས“ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་འདོམས་ཤེས་པར་བྱེད-ཚེ་སྲོག་བགྲོད་ལམ་ཤར་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི“བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི”བྱེད་སྒོ་སྤེལ་བ་དང་། རྣམ་པ་སྣ་ཚོགས་ཐོག་ནས་བདེ་འཇགས་འདུ་ཤེས་དྲིལ་བསྒྲགས་བརྒྱུད་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

    བྱེད་སྒོ་སྤེལ་རིང་སྡེ་ཚན་ཁག་གིས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། འགྲེམས་པང་འཛུགས་པ། དྲིལ་བསྒྲགས་དངོས་པོ་སྤྲོད་པ། ས་གནས་ས་ཐོག་ཏུ་བློ་འདྲི་དང་ལེན་བྱེད་པ་སོགས་བརྒྱུད། མང་ཚོགས་ཚོས་ཟུར་ཚད་མང་བ་དང་ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ཤེས་བྱ་ཤེས་རྟོཌ་བྱས་ནས་དམངས་ཡོངས་ཀྱི་བདེ་འཇགས་འཕྲལ་འདོམས་འདུ་ཤེས་ཟབ་ཏུ་བཏང་ཡོད། ད་ཐེངས་ཀྱི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོའི་ནང་རིགས་ཁག་གི་དྲིལ་བསྒྲགས་དཔྱད་གཞི་དང་དྲིལ་བསྒྲགས་ཐོན་རྫས་སོགས་ཁག་4000ལྷག་ཙམ་སྤྲད་པ་དང་། མང་ཚོགས་100ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ། མང་ཚོགས་1000ལྷག་ཙམ་ལ་སློབ་གསོ་ཐོབ་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།