དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཤེས་དཔལ་དང་མཉམ་དུ་འགྲོགས། བདེ་སྐྱིད་དང་མཉམ་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-03

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་དམིགས་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། ཚན་རིག་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། མང་ཚོགས་ཀྱིས་བསམ་བློ་རྙིང་པ་དོར་བར་ཁྲིད་སྟོན་བྱེད་པ་བཅས་བྱས་ནས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། 

    སྤྱི་ཚོགས་རིང་ལུཌ་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བྱེད་སྒོ་ཐེངས་2805སྤེལ་བར་མང་ཚོགས་མི་ཐེངས་ཁྲི་19.5ལ་སློབ་གསོ་ཐེབས་པ་དང་། གཞོན་ནུ་ལོ་ཆུང་སློབ་མར་དམིགས་ནས“བྱིས་པའི་སེམས་པ་ཏང་ལ་ཕྱོགས་པ”དང་། མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་བ། “ལག་ཆུང་དང་ལག་ཆེན་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ”སོགས་ཀྱི་ལག་ལེན་བྱེད་སྒོ་ཐེངས་887སྤེལ་བར་མང་ཚོགས་མི་ཐེངས་ཁྲི་6.8ལ་སློབ་གསོ་ཐེབས་པ། 《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་འདེད་སྲོལ་ཡིག》གི་དྲིལ་བསྒྲགས་བྱེད་སྒོ་ཐེངས་810སྤེལ་བར་མང་ཚོགས་མི་ཐེངས་ཁྲི་10.5ལ་སློབ་གསོ་ཐེབས་པ། སྔོན་ཐོན་དཔེ་མཚོན་གྱི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་ཐེངས་236སྤེལ་བར་མང་ཚོགས་མི་ཐེངས་ཁྲི་2.1ལ་སློབ་གསོ་ཐེབས་པ། གོམས་སྲོལ་སྒྱུར་བའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་253སྤེལ་བར་མང་ཚོགས་མི་ཐེངས་ཁྲི་1.5ཙམ་ལ་སློབ་གསོ་ཐེབས་པ་བཅས་རེད། 

    ཉེ་ཆར། ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་གྲ་ནང་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ་གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོར“ཤེས་དཔལ་སྲོལ་ཡིག་སྦྱོང་བ་དང་། ཤེས་དཔལ་དར་སྲོལ་དར་སྤེལ་གཏོང་བ། ཤེས་དཔལ་གྲོང་ཁྱེར་སྐྲུན་པ”བཅས་བརྗོད་དོན་གཙོ་བོར་བྱེད་པའི་ལྷོ་ཁ་གྲོང་ཁྱེར་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི“གཤམ་སྐྱོད་གསུམ”གྱི་གཅིག་སྡུད་དཔེ་སྟོན་དང《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་འདེད་སྲོལ་ཡིག》གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།