དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒྱལ་ལམ་318གྲུ་པ་ལུང་ནས་ཉིང་ཁྲི་བར་གྱི་ཇོ་པ་ལའི་ལམ་དུམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-02

    གསར་འགོད་པས་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་30ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པས་བསྐྲུན་པའི་རྒྱལ་ལམ་318གྲུ་པ་ལུང་ནས་ཉིང་ཁྲི་བར་གྱི་གཙོ་གནད་ལམ་དུམ་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭ་ཇོ་པ་ལ་ལམ་དུམ་དངོས་སུ་ཤར་གཏོང་ཐུབ་ནས་ལམ་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་སྔར་བས་སྟབས་བདེ་རུ་ཕྱིན་པ་རེད།

    འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་རྣམ་གྲངས་འགན་འཁུར་བ་ཀྲང་ཡོན་ཁུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ལམ་318གྲུ་པ་ལུང་ནས་ཉིང་ཁྲི་བར་གྱི་གཙོ་གནད་ལམ་དུམ་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭའི་ཇོ་པ་ལ་དུམ་བུ་ནི་མཚོ་བོད་ས་མཐོའི་འཕྲེད་བཅད་རི་ཁུལ་གྱི་སྐད་གྲགས་ཆེ་ལ་ཉེན་ཁ་ཆེ་བའི་དུམ་བུ་ཞིག་རེད། དེ་སྔའི་རི་ལམ་ཀྱག་ཀྱོག་དེ་གཡང་གཟར་བ་དང་གུག་ཆ་མང་པོ་ཡོད་པས། ལམ་རྡིབ་པ་དང་། རི་ཉིལ་བ། ཆུ་རུད་ཐོན་པ། གངས་གསོག་ཐེབས་པ། འཁྱགས་པ་ཐེབས་པ་སོགས་ཀྱི་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད།

    བཅོས་སྒྲིག་བསྐྱར་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ཇོ་པ་ལའི་ཕུག་ལམ་ནི་ཇོ་པ་ལ་དུམ་བུའི་དཀའ་གནད་ཆེ་བའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་ཕུག་ལམ་གཙོ་བོའི་སྤྱིའི་རིང་ཚད་ལ་སྨི་6995ཡོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3200ཡན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལམ་དུམ་དེར་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཇོ་པ་ལའི་ལམ་དུམ་གྱི་འགྲོ་སྐྱོད་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་ནས་ས་གནས་དེ་གའི་གྲོང་མིའི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་བ་དང་ས་ཁོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།