དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ།

    ཏང་འཛུགས་སྣེ་ཁྲིད་སྣ་མང་མཉམ་བཅོས་བྱེད། མི་རིགས་མཐུན་སྒྲིལ་སེམས་མཐུན་ཕུགས་བསམ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-02

    ཝ་པ་གླིང་སྡེ་ཁུལ་ནི་ལྷ་ས་སྐྱིད་ཆུའི་འགྲམ་དུ་ཆགས་ཤིང་། སྡེ་ཁུལ་གྱི་གྲོང་མིའི་ཁྲོད་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཡུ་གུར་རིགས། ཏུང་ཞང་རིགས་སོགས་མི་རིགས་11གི་ཁྱིམ་ཚང་120ལྷག་ཙམ་ཡོད། དེ་ཡང་ཁྱིམ་ཚང་མང་པོ་ཞིག་ནི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་མི་རིགས་གསུམ་གྱི་མཉམ་འདྲེས་ཁྱིམ་ཚང་ཡིན་པ་རེད།

    ཉེ་བའི་ལོ་ཤས་རིང་། ཝ་པ་གླིང་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི”བརྗོད་དོན་གཙོ་བོ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།

    ཝ་པ་གླིང་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོས་འགན་འཁྲི་གཙོ་འཁུར་གཏན་འཁེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགན་འཁུར་དུ་བཅུག་ཡོད། རྒྱུན་གཏན་གྱི་ལས་དོན་ཁྲོད“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཀྲི་པུའུ་ཧྲུའུ་ཅིས་ཏང་གི་སློབ་ཚན་འཆད་ཁྲིད་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཞི་རིམ་ཏང་འཛུགས་སྐྱོང་ཟམ་མི་ཆད་པར་མཉམ་འདྲེས་དམ་ཟབ་ཐུབ་པར་བྱས་ཡོད།

    སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ལས་ཀ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པས་སྡེ་ཁུལ་དང་དྲ་མིག་ལྟེ་བར་འཛིན་པའི་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཆགས་ཏེ། “ཞབས་ཞུ་གནས་ལ་འཁྱོལ་བ་དང་རྩོད་གཞི་རང་སར་ཐག་གཅོད་ཐུབ་པ”བྱུང་ཡོད། སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོའི་ཞབས་ཞུ་དོ་དམ་སྐར་ཁུང་ཆེད་མངགས་བཙུགས་ནས་ས་ཚིགས་དེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་།

    གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་འཕེལ་རྒྱས་གཏོང་བ། འགལ་བ་དང་རྩོད་གཞི་སེལ་བ་བཅས་ཀྱི་སྐར་ཁུང་དུ་བརྩིས་ཏེ་ད་བར་འགལ་བ་དང་རྩོད་གཞི་ཁྱོན་170ལྷག་ཙམ་ཐག་གཅོད་བྱས་ཡོད།

    ཝ་པ་གླིང་སྡེ་ཁུལ་གྱི་སྦྱར་པ་ཁང་གསར་སྒོ་རའི་ནང་གྲོང་མི་68འཚོ་སྡོད་བྱེད་ཀྱི་ཡོད། མི་རིགས་མཐུན་སྒྲིལ་དཔེ་སྟོན་སྒོ་ར་ཞིག་ཡིན་པའི་ངོས་ནས་དེ་གར་ཏང་འཛུགས་སྐྱོང་དང་། སྒྲོག་འགྲེལ། དུས་ཆེན་སོགས་ཀྱི་བྱེད་སྒོ་ཡང་ཡང་སྤེལ་གྱི་ཡོད། སྡེ་ཁུལ་ཏང་ཀྲི་པུའུ་ཡིས་སྒོ་ར་དེ་སེ་འབྲུའི་རྡོག་ལྟར་སེམས་མཐུན་གྱི་ཚོགས་པ་ཞིག་ལ་བཏོད་ནས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།

    ལོ་མང་རིང་ཝ་པ་གླིང་སྡེ་ཁུལ་གྱིས་སྡེ་ཁུལ་ཏང་ཡོན་ཚོའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་དམངས་ཀྱིས་འབོད་སྐུལ་བྱས་ན་ང་ཡིས་དང་ལེན་དང་དམངས་ལ་རེ་འདུན་ཡོད་ན་ང་ཡིས་སྒྲུབ་པའི་ཐད་འབད་བརྩོན་ཧུར་ཐག་བྱས་ཡོད། “ཆ་སྒྲིག་གཉིས”དང་། “སེམས་འབྲེལ་གསུམ”“སྙིང་གཏམ་ཤོད་པ་བཞི”“དཀའ་གནད་སེལ་བ་ལྔ”བཅས་ཀྱི་ལས་དོན་སྒྲུབ་སྟངས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་བཀོད”ཚན་པ་དང་འབྲེལ་བ་ཧུར་ཐག་བྱས་ནས་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཕན་ཚུན་ཆ་སྒྲིག་བྱས་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། སེམས་ཁྲལ་བྱེད་ས། རེ་སྒུག་བྱེད་ས་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱུང་བ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ། མི་རིགས་དབར་གྱི་བརྩེ་དུང་ཟབ་ཏུ་ཕྱིན་ཡོད། ཁོངས་གཏོགས་ཁུལ་གྱི་སྐྱོན་ཤོར་བའི་སྒྲིག་ཆས་སྣ་ཚོགས་དུས་ཐོག་ཏུ་ཉམས་བཟོ་བྱེད་པ་དང་གྲོང་མིའི་ཆུ་འཛགས་པའི་ཁང་པར་བཟོ་བཅོས་བརྒྱབ་སྟེ་གྲོང་མིའི་སྡོད་གནས་ཁོར་ཡུག་འགན་ལེན་དང་མི་རིགས་ཁག་གི་གྲོང་མིའི་འཚོ་བའི་སྐྱིད་སྣང་ཆེ་རུ་བཏང་ཡོད། སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཡིག་ཚགས་དཔྱད་གཞི་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར། གུར་པན་དུས་ཆེན་སོགས་དུས་ཆེན་གལ་ཆེན་ལ་འདྲི་རྟོགས་དང་འཚམས་འདྲིའི་བྱེད་སྒོ་ཧུར་ཐག་སྤེལ་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཝ་པ་གླིང་སྡེ་ཁུལ་ལ་སྔ་རྗེས་སུ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ”དང་། “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་དཔེ་སྟོན་ཚན་པ” “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”སོགས་མི་རིགས་མཐུན་སྒྲིལ་རིགས་ཀྱི་བྱ་དགའ་ཁག་21(དེའི་ནང་རྒྱལ་ཁབ་རིམ་པའི་བྱ་དགའ་7ཡོད)ཐོབ་ཡོད། “མཚན་སྙན་སྤྲད་པ་ནི་ང་ཚོར་སྐུལ་ལྕག་བྱེད་པ་ཞིག་ཡིན་ལ། དེ་བས་ང་ཚོར་སྐུལ་འདེབས་བྱེད་པ་ཞིག་ཀྱང་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གཞི་རྟེན་དུ་འཛིན་པ། མང་ཚོགས་ཀྱི་དགོས་མཁོ་ཁྲིད་སྟོན་དུ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་དེ་མང་ཚོགས་ཀྱི་སེམས་སུ་ཟུག་པ་བྱེད་ཀྱི་ཡིན”ཞེས་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ནུའུ་ནཱ་ཡིས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།