དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁ་བ་བུ་ཡུག་འཚུབ་པའི་བྱང་ཐང་། 〔སྨད་ཆ〕

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-01

    འདི་ནི་སྐལ་བཟང་ལྷུན་གྲུབ(གཡོན)དང་བདག་སྐྱོང་རུ་ཁག་གི་རུ་མིས་སྔོན་གཤེགས་དཔའ་བོ་ནོར་བུ་གཡུ་རྒྱལ་གྱི་བང་སོར་ཁ་བཏགས་གཡོག་བཞིན་པ།

    འདི་ནི་བདག་སྐྱོང་རུ་མིས་རྨས་སྐྱོན་ཕོག་པའི་གཙོད་སྐྱོབ་བཞིན་པ།

    འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཆེད་ལས་བདག་སྐྱོང་རུ་མིས་འབྲོང་རོར་བརྟག་དཔྱད་བྱེད་བཞིན་པ།

    འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཆེད་ལས་བདག་སྐྱོང་རུ་མི་བསོད་ནམས(གཡོན)དང་ནོར་བུས་འཁྱགས་པའི་མཐུག་ཚད་ལྟ་བཞིན་པ།

    འདི་ནི་སྐལ་བཟང་ལྷུན་གྲུབ་ཀྱིས་གསར་འགོད་པར་རང་ཉིད་ཀྱི་ལག་ཐོགས་ཁ་པར་ནང་ཉར་བའི་ནོར་བུ་གཡུ་རྒྱལ་གྱི་པར་སྟོན་བཞིན་པ།

    འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཆེད་ལས་བདག་སྐྱོང་རུ་མི་བསོད་ནམས(གཡོན)དང་ནོར་བུས་འཁྱགས་པའི་མཐུག་ཚད་ལྟ་བཞིན་པ།

    འདི་ནི་སྐལ་བཟང་ལྷུན་གྲུབ་ཀྱིས་སྒར་ཁུལ་གྱི་གད་སྙིགས་སྒྲུག་བཞིན་པ།

    འདི་ནི་རྨས་སྐྱོན་ཕོག་ནས་ཤི་བའི་གཙོད་རོ་ཡིན་པ།

    འདི་ནི་སྤྱང་ཀི་ཞིག་གིས་གཙོད་ཨ་མ་ཞིག་དེད་བཞིན་པ།

    འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཆེད་ལས་བདག་སྐྱོང་རུ་མི་ནོར་བུས་སྐོར་གཡེང་རུ་མི་དང་འབྲེལ་བ་བྱེད་བཞིན་པ།

    དུས་རབས་20པའི་ལོ་རབས་90པ་ནས་བཟུང་། རང་རྒྱལ་སྲིད་གཞུང་གིས་མཚོ་བོད་ས་མཐོར་རྐུ་རྔོན་ལ་འགོག་རྒོལ་བྱེད་པའི་དྲག་པོའི་འཐབ་འཛིང་བྱེད་འགོ་བཙུགས་ཤིང་། ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཁག་དང་ཁག་བྱས་ནས་འཛེམ་བག་སྤུ་ཙམ་ཡང་མེད་པར་རྐུ་རྔོན་རྒྱག་མཁན་དང་འཐབ་རྩོད་དྲག་པོ་བྱས་མཐར། གཙོད་ཀྱི་ཁྱུ་ཚོགས་སྲུང་སྐྱོབ་ཐུབ་པ་མ་ཟད་ཟམ་མི་ཆད་པར་སྟོབས་ཆེར་སོང་ཡོད། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་2024ལོའི་ཟླ་6ཚེས་5ཉིན་ཡོངས་བསྒྲགས་བྱས་པའི《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ནང་བོད་ཀྱི་ས་ཁོངས་སུ་གཙོད་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་ཡོད་ཅེས་འཁོད་ཡོད།

    སྐར་མ་བཅུ་ལྷག་ཙམ་རིང་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་དུ་སྐལ་བཟང་ལྷུན་གྲུབ་དང་རུ་མི་ཚོས་སྦྲ་གུར་ཕུབ་ཟིན་ཏེ། གློག་གཏོང་འཕྲུལ་ཆས་ནས་གློག་བཏང་བ་དང་སོལ་རླངས་ཐབ་སྤར་ནས་ཁ་ལག་བཟོ་བཞིན་མཆིས་པས། སྦྲ་གུར་ནང་ཀྲོ་མ་ཀྲུའུ་སྒོང་རྔོས་དང་པད་ཚལ་ཤ་རྔོས་ཀྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་ཞིང་། ཞོགས་པའི་ཆུ་ཚོད་བདུན་པ་ལྷག་ཙམ་ནས་བསྟུད་མར་ཆུ་ཚོད་10ཙམ་རིང་རླངས་འཁོར་བཏང་སྟེ་ལྟེ་བའི་ཁུལ་དུ་འབྱོར་མ་ཐག་པའི་བཀྲེས་ལྟོགས་ཀྱིས་མནར་བའི་གསར་འགོད་པའི་ངོས་ནས་བརྗོད་ན། དེ་ནི་འགྲམ་ཆུ་ཤོར་བའི་ཟས་མཆོག་ཅིག་ཡིན་པ་སྨོས་མེད་རེད།

    “དེ་སྔ་ཁྱེད་ཚོས་སྐོར་གཡེང་བྱེད་སྐབས་ཀྱང་དེ་ལྟར་རེད་དམ”

    “ཚལ་བརྔོ་བ་ཧ་ཅང་ཉུང་ཉུང་རེད། ཕལ་ཆེ་བ་ང་ཚོས་རྩམ་པ་ཁོ་ན་ཟ་བཞིན་ཡོད”ཅེས་སྐལ་བཟང་ལྷུན་གྲུབ་ཀྱིས་བཤད་པ་དང་། བྱང་ཐང་སྲུང་སྐྱོང་ཁུལ་དུ་ལམ་ངོ་དྲག་པ་ཞིག་མེད་པ་མ་ཟད། དབྱར་དུས་འཁྱགས་ས་བཞུར་བས་རླངས་འཁོར་འདམ་ལ་དིམ་སླ་པོ་ཡོད་སྟབས། རྒྱུན་གཏན་གྱི་སྐོར་གཡེང་བྱེད་རིང་ཕལ་ཆེ་བ་སྦག་སྦག་བཞོན་ནས་འགྲོ་གི་ཡོད། འོན་ཀྱང་། སྦག་སྦག་ཐོག་ཅ་དངོས་མང་པོ་མི་ཐེག་སྟབས། ཁོང་ཚོས་སྐོར་གཡེང་བྱེད་སྐབས་མལ་ཁུག་མཐུག་པོས་ལུས་པོ་བཏུམས་ཏེ་ལྕི་བའི་མེ་ཕུང་གམ་དུ་རུབ་ནས་སྡོད་ཀྱི་ཡོད།

    ལྟེ་བའི་ཁུལ་དུ་སླེབས་རྗེས། ལག་ཐོགས་ཁ་པར་ལ་བརྡ་རྟགས་མེད་པས། ལོ་ལྟར་ཟླ་བ་མང་པོ་སྐོར་གཡེང་བྱེད་བཞིན་པའི་རུ་མི་ཚོའི་ངོས་ནས་བཤད་ན། ཕྱི་རོལ་ཡུལ་དང་འབྲེལ་བ་ཆད་པའི་དབང་གིས་ཡུལ་པོ་དང་ཁེར་རྐྱང་གི་གདུང་བ་བཟོད་དགོས་ཤིང་། དེ་འདྲའི་ཚོར་སྣང་ནི་མི་གཞན་གྱིས་བསམ་ཚོད་དཀའ་བ་ཞིག་རེད། སྐལ་བཟང་ལྷུན་གྲུབ་ཀྱིས། “ཡུན་རིང་ནང་མི་དང་འབྲེལ་བ་བྱེད་ཐབས་མེད་པས། ཐོག་མར་མ་གོམས་པར་སྐྱིད་པོ་གཏན་ནས་མི་འདུག འོན་ཀྱང་། བསོད་ནམས་དར་རྒྱས་དང་ནོར་བུ་གཡུ་རྒྱལ་སོགས་སྔོན་བྱོན་པ་ཚོས་རང་སྲོག་བློས་གཏོང་བར་ཡང་སྐྲག་སྣང་མི་བྱེད་པ་སེམས་ལ་འཁོར་སྐབས། ངེད་ཚོའི་དཀའ་ངལ་དེ་ལྟ་བུར་གླེང་རིན་གང་ཡང་མི་འདུག”ཅེས་བརྗོད།

    མངལ་ཆགས་པའི་གཙོད་ནི་ཚོར་བ་ཧ་ཅང་སྐྱེན་པ་དང་གཟབ་ནན་ཆེ་བས། གསར་འགོད་པས་བར་ཐག་ཉེ་པོས་གཙོད་གནས་སྤོའི་གནས་ཚུལ་པར་ལེན་པའི་གོ་སྐབས་ཉུང་ཉུང་རེད། སྐབས་དེ་དུས་སྤྱང་ཀིས་རྨས་སྐྱོན་བཏང་བའི་གཙོད་གཅིག་བདག་སྐྱོང་རུ་ཁག་གི་སྒར་སའི་ཕྱོགས་སུ་རྒྱུག་འོང་བ་དང་། སྒར་ས་དང་བར་ཐག་སྨི་ཉི་ཤུ་སུམ་ཅུ་ཙམ་གྱི་སར་རང་སར་འགྱེལ་སོང་།

    སྐལ་བཟང་ལྷུན་གྲུབ་ཀྱིས། “སྤྱང་ཀིས་གཙོད་བཟུང་བ་མཐོང་སྐབས་ངེད་ཚོར་སྙིང་རྗེ་ཆེན་པོ་སྐྱེས་ཀྱི་འདུག་པས། དེ་མུར་སྒར་ས་ནས་དོན་ཏེ་སྐྱོབ་དགོས་སྙམ་ཡང་། འདི་ལྟར་བྱས་ན་མི་འགྲིག་སྟེ། ང་ཚོའི་འགན་འཁྲི་ནི་ཡངས་པའི་ས་གཞི་འདི་སྲུང་སྐྱོང་བྱེད་རྒྱུ་ཡིན་པས། གཙོད་ཙམ་མ་ཟད་སྤྱང་ཀི་སོཌ་སྲོག་ཆགས་ཚང་མར་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད”ཅེས་བརྗོད།

    གཙོད་འགྱེལ་ཡུལ་དེ་སྒར་ས་དང་བར་ཐག་ཧ་ཅང་ཉེ་པོ་ཡོད་སྟབས། སྤྱང་ཀི་དེ་མདུན་དུ་ཡོང་མ་ཕོད་པར་ཕྱིར་མ་ལོག་ཀ་མེད་བྱུང་ཡོད། བདག་སྐྱོང་རུ་མི་ཚོས་ཁ་བ་བུ་ཡུག་ཁྲོད་འཕག་འཚག་རྒྱག་བཞིན་པའི་གཙོད་མཐོང་འཕྲལ་སྦྲ་གུར་ནང་དབོར་ནས་སྨན་བཅོས་བྱས་རྗེས་རྒྱུན་སྲོལ་ལྟར་རྩྭ་ཐང་དུ་གློད་ཀྱི་ཡོད།

    གསར་སྐྱེས་དང་ཤི་རྨས། ཁ་བ་བུ་ཡུག་དང་ཉི་འོད། མུན་ནག་དང་ཉི་གཞོན་ལ་སོགས་བྱང་ཐང་གི་ཡངས་པའི་ས་གཞི་ཆེན་པོ་དེར། ལོ་ངོ་སྟོང་ཕྲག་དུ་མའི་རིང་རང་བྱུང་ཁམས་ཀྱི་ཆོས་ཉིད་ཁྲོད། གཙོད་དང་སྤྱང་ཀིས་རང་སོ་སོའི་རྒྱུད་པ་སྤེལ་ཆེད་འབད་བརྩོན་བྱེད་པ་དང་། བསོད་ནམས་དར་རྒྱས་དང་། ནོར་བུ་གཡུ་རྒྱལ། དེ་བཞིན་སྐལ་བཟང་ལྷུན་གྲུབ་སོགས་མི་རབས་ནས་མི་རབས་བར་གྱི་སྲུང་སྐྱོང་རུ་མིས་ངོ་མཚར་ཆེ་བའི་ས་གཞི་ཆེན་པོ་འདིའི་སྟེང་འབད་འཐབ་བྱེད་བཞིན་ཡོད་པས། ཆོས་ཉིད་དེ་དག་སྔར་བཞིན་རྒྱུན་མཐུད་ཐུབ་ངེས་པ་ང་ཚོར་རྦད་དེ་ཡིད་ཆེས་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིག་མེད་རྡོ་རྗེས་པར་བླངས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།