རང་ལྗོངས་ཀྱི་ལུས་རྩལ་པར་2024ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཨང་དང་པོའི་ཐག་གཅོད་འགྲན་བསྡུར་དང་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་པོའི་མཐའ་བསྡུར་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་28ནས་ཚེས་30ཉིན་བར། 2024ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཨང་དང་པོའི་ཐག་གཅོད་འགྲན་བསྡུར་དང་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་པོའི་མཐའ་བསྡུར་ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་དུ་གཉེར་བ་རེད། རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོར་བུད་མེད་ཀྱི་སྨི་5000འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་སྦྱངས་འབྲས་དེས་བོད་རང་སྐྱོང་ལྗོངས་བུད་མེད་ཀྱི་སྨི་5000འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་དེར་རྒྱལ་ཡོངས་ནས་ཁྱོན་ལུས་རྩལ་པ་900ལྷག་ཙམ་ཞུགས་པ་དང་རང་ལྗོངས་ནས་ལུས་རྩལ་པ་8ཞུགས་ཡོད་པ་རེད།