དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གཉིས་བཀུར་ལམ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་སྐྱིད་འཛོམས་ཀྱིས་བརྗོད་དོན།

    སྡེ་ཁུལ་གྱི“དོ་དམ་པ”དང་མང་ཚོགས་ ཀྱི“སྙིང་ཉེ་བ”ཞིག་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-01

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་དེ་ཉིད་ཉིང་ཁྲི་གྲོང་ཁྱེར་གྱི“གྲགས་ཅན་སྡེ་ཁུལ”དུ་གྱུར་པ་དང་། སྔ་རྗེས་སུ་སྡེ་ཁུལ་བུད་མེད་ཀྱི་ཁྱིམ་ཚང་དང་། དམག་ཞབས་ཐིམ་པའི་དམག་མིའི་ཁྱིམ་ཚང་། བདེ་ཐང་ཞབས་ཞུའི་ས་ཚིགས་སོགས་སུ་བསྐྲུན་པས་སྡེ་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཡང་དར་རྒྱས་ཆེན་པོ་བྱུང་བ་དང་སྔ་རྗེས་སུ་གསར་བརྗེའི་དམངས་ཕན་སྒོ་རྩིས་ཚོང་ཁང་དང་ཀོང་པོའི་ཁྲོམ་ར་སོགས་བཙུགས་པ་མ་ཟད། སྡེ་ཁུལ་དུ་རང་འགུལ་ཅན་གྱི་ཕྱིར་ཚོང་འཕྲུལ་ཆས་བཀོད་སྒྲིག་བྱས་ཡོད། ད་ཆ་སྡེ་ཁུལ་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་ཡོད་པ་རེད།

    ཉེ་འགྲམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་སྐབས། གཉིས་བཀུར་ལམ་སྡེ་ཁུལ་གྱི་གྲོང་མི་ཚོས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་སྐྱིད་འཛོམས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་འདུག

    ད་ཆ་སྐྱིད་འཛོམས་ཀྱིས་གཉིས་བཀུར་ལམ་སྡེ་ཁུལ་དུ་ལས་ཀ་བྱས་ནས་ལོ་12ཕྱིན་པ་དང་། ཁོང་གིས་བྲག་ཡིབ་ཆུས་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་འཐུས་མིའི་འགན་ཁུར་ནས་ལོ་4འགྲོ་གི་ཡོད། ལོ་བཅུ་ལྷག་ཙམ་རིང་། ཁོང་གིས་འགན་འཁྲི་ནན་ཏན་བསྒྲུབས་ཤིང་། སྡེ་ཁུལ་ཁྱིམ་ཚང་དུ་བརྩིས་ཏེ་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་མ་ཟད། གྲོང་མིའི་བདེ་སྐྱིད་རང་ཉིད་ཀྱི་ལས་འགན་ལ་བརྩིས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་གི་འགན་འཁྲི་དང་འགན་འཁུར་དོན་འཁྱོལ་བྱས་ཡོད།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁུར་རིང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་མང་ཚོགས་ལ་འཕྲད་པའི་དཀའ་ངལ་སྣ་ཚོགས་200ལྷག་ཙམ་ཐག་གཅོད་བྱས་པ་མ་ཟད། ཁུལ་ཆུང་6ལ་ཁུལ་ཆུང་རྙིང་པ་སྒྱུར་བཀོད་རྣམ་གྲངས་རེ་ཞུ་དང་། ཁུལ་ཆུང་5ལ་རྒྱལ་སྒོ་བསྒར་རྒྱུ། ཁུལ་ཆུང་4ལ་ལམ་སྒྲོན་བསྒར་རྒྱུ་བཅས་ཀྱི་ལས་དོན་བསྒྲུབས་ཡོད།

    སྡེ་ཁུལ་དུ་ལས་ཀ་བྱས་ནས་ལོ་12སོང་རིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་སེམས་ལ་བཞག་ནས་བློ་གཅིག་སེམས་གཅིག་གིས་སྡེ་ཁུལ་གྱི་གྲོང་མིའི་དོན་ཆུང་རེ་རེ་བཞིན་ཐག་གཅོད་བྱས་ཡོད།

    —— སློབ་གྲྭ་གྲོལ་སྐབས་གཉིས་བཀུར་ལམ་སྡེ་ཁུལ་དང་བརྒྱད་གཅིག་སློབ་འབྲིང་དུ་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད། དེར་བརྟེན་ཁོང་གིས་སྡེ་ཁུལ་གྱི་སྒོ་ར་མེ་ཏོག་ལྡུམ་རར་སྒྱུར་བཀོད་བྱས་ཏེ་ཕྲུ་གུ་བསུ་མཁན་ཁྱིམ་བདག་མེ་ཏོག་ལྡུམ་རའི་ནང་ངལ་གསོས་ནས་ཕྲུ་གུར་སྒུག་ཆོག་པས་ལམ་འགག་པའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་ཡོད།

    —— སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་དེ་གཉིས་བཀུར་ལམ་སྡེ་ཁུལ་གྱི་གྲོང་མིའི་སྤྱི་ཆིངས་བཟོས་པ་དང་གྲོང་མིའི་སྤྱི་ཆིངས་ཀྱི་གླུ་གཞས་གསར་རྩོམ་བྱས་པ་མ་ཟད། “མཛེས་པ་བཅུ་དང་བཟང་པོ་ལྔ”དཔྱད་འདེམས་བྱེད་སྒོ་སྤེལ་བ་རེད། མིག་སྔའི་བར། གྲོང་མི་270ལྷག་ཙམ་“མཛེས་པ་བཅུ་དང་བཟང་པོ་ལྔ”ལ་བདམས་ཏེ། གྲོང་མི་ཚོས་སྔོན་ཐོན་ལ་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་ནས་ལྷག་བསམ་རྣམ་དག་དང་སྤྲོ་སེམས་ལ་བརྟེན་ནས་གྲོང་མིའི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ཡོད།

    —— གྱོན་གོས་རྙིང་པ་ཞལ་འདེབས་བརྒྱབ་ནས་གཅེས་སེམས་མཚོན་པའི་སྤྱི་ཕན་བྱ་སྤྱོད་སྤེལ་ནས་བྲག་ཡིབ་གྲོང་རྡལ་དགའ་སྐྱིད་གྲོང་ཚོ་དང་། རྫ་ཡུལ་རྫོང་མགོ་ལ་ཤང་ལྟེ་བའི་སློབ་ཆུང་། ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་ཁྲོགས་ནང་གྲོང་ཚོ་སོགས་ས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་གྱོན་ཆས་རྙིང་པ་20000ལྷག་ཙམ་ཞལ་འདེབས་བརྒྱབ་ནས་གཅེས་སེམས་མཚོན་པར་བྱས་ཡོད།

    སྐྱིད་འཛོམས་ཀྱི་འབད་བརྩོན་དང་ལེགས་སྐྱེས་ལ་སྡེ་ཁུལ་གྱི་གྲོང་མིས་ཚད་མཐོའི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཅིང་། ཁོང་ཡང་དེ་དང་ཆབས་ཅིག་གཉིས་བཀུར་ལམ་སྡེ་ཁུལ་གྱི་དར་ཆར་གྱུར་ཡོད། གཉིས་བཀུར་ལམ་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་ཚང་མས་ཁོང་ལ་སློབ་སྦྱོང་བྱས་པར་བརྟེན། བྱང་ཚད་དང་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་སྡེ་ཁུལ་གྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། གྲོང་མིའི་འཚོ་བའི་སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། གཉིས་བཀུར་ལམ་སྡེ་ཁུལ་ལ་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། གྲོང་ཁྱེར་རིམ་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཁག་15ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།