དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་བོད་སྐྱོར་སློབ་ཆུང”ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན་ཉི་ཟླ།   |     སྤེལ་དུས།  2024-06-30

    ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པས་ཚོགས་སྒྲིག་རོགས་སྐྱོར་བྱས་ཏེ་བསྐྲུན་པ་ཞིག་ཡིན་ཞིང་། 2021ལོར་དངོས་སུ་སྤྱོད་འགོ་ཚུགས་ཡོད།

    མིག་སྔའི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་བོད་སྐྱོར་སློབ་ཆུང་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་ལ“ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་སློབ་ཆུང”ཞེས་འབོད་ཀྱི་ཡོད། སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་ལེགས་ལ་དགེ་རྒན་གྱི་སྟོབས་ཤུགས་ཡག་པས། རྫོང་གྲོང་དང་བར་ཐག་སྤྱི་ལེ་200ཙམ་གྱི་སར་ཡོད་པའི་འབྲོག་པ་མི་ཉུང་བ་ཞིག་གིས་ཀྱང་ཕྲུ་གུ་འདི་གར་སྐྱེལ་གྱི་ཡོད།

    རྒྱལ་ཁབ་ཀྱིས་བོད་དུ་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་བུ་ཕྲུག་གི་བཟའ་སྡོད་དང་སློབ་ཡོན་འགན་གཙང་ལེན་པའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་བར་བརྟེན། ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བར་འགན་ལེན་ཡག་པོ་ཐུབ་ཡོད།

    འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་སློབ་མ་རྣམས་སློབ་གྲྭ་གྲོལ་ཏེ་སློབ་གྲྭའི་རྒྱལ་སྒོ་ནས་དོན་བཞིན་པ།

    འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་སློབ་མ་ཉི་མ་མཚོ་མོ(གཡས་ཀྱི་གཉིས་པ)དང་སློབ་གྲོགས་ཚོ་ལུས་རྩལ་ཐང་དུ་ཐག་མཆོང་རྒྱག་བཞིན་པ།

    འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་སློབ་མ་ཀརྨ་འཕྲིན་ལས་རྒྱ་མཚོས་སློབ་གྲོགས་ཚོར་ཉིན་གུང་གི་ཟ་མ་སྤྲོད་བཞིན་པ།

    འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཚོས་སྒྱུར་རྩིས་མན་ངག་བློ་འཛིན་བྱེད་བཞིན་པ།

    འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་དགེ་རྒན་བདེ་སྐྱིད་མཚོ་མོས་སློབ་མས་རྒྱུགས་ཤོག་འབྲི་བར་ལྟ་སྐུལ་བྱེད་བཞིན་པ།

     འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་འཁུར་མཁན་སློབ་སྤྱི་གཞོན་པ་ཉི་བསྟན་གྱིས་སློབ་མ་ཚོར་འཚོ་བཅུད་ཟ་མ་སྤྲོད་བཞིན་པ།

     འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་སློབ་མ་གཉིས་ལྷམ་བཀྲུ་བར་འགྲོ་བཞིན་པ།

     འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་སློབ་མ་དང་ཟ་ཁང་གི་ལས་དོན་པས་སྡེར་མར་གྲངས་ཀ་རྒྱག་བཞིན་པ།

    འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་སློབ་མས་ཉལ་ཁང་ལ་གཙང་སྦྲ་བྱེད་བཞིན་པ།

     འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་སློབ་མ་ཚོ་ཟ་ཁང་ནང་ཟ་མ་ཟ་བཞིན་པ།

    འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་སློབ་མ་དབང་ཆེན་ལྷ་མོས་ཇ་ཐང་ལེན་བཞིན་པ།

    འདི་ནི་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གི་སློབ་མས་འཚོ་བཅུད་ཟ་མ་འཁྱེར་ནས་སློབ་གྲྭ་གྲོལ་རྒྱུ་སྒུག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།