བོད་བྱང་ཐང་གི་དཔེ་ཀློག་གི་དབྱངས་རྟ་སྙན་མོ།
འདི་ནི་བྱིས་པ་ཚོ་དྲོ་སྐྱིད་ལྡན་པའི་ཅཱ་ཤིང·གསེར་རྙེད་གྲོང་ཁྱེར་གྱི་དཔེ་ཁང་ནང་བྱིས་པའི་རིས་དེབ་ལྟ་བཞིན་པ།
འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་མང་ཚོགས་ཚོས་དྲོ་སྐྱིད་ལྡན་པའི་ཅཱ་ཤིང·གསེར་རྙེད་གྲོང་ཁྱེར་གྱི་དཔེ་ཁང་དུ་དཔེ་དེབ་ལྟ་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་རྒྱུད་ཀྱི་གྲོང་གསར་དུ་གནས་པའི“དྲོ་སྐྱིད་ལྡན་པའི་ཅཱ་ཤིང·གསེར་རྙེད་གྲོང་ཁྱེར་གྱི་དཔེ་ཁང”དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡོད། ད་ཆ་དཔེ་དེབ་26000ལྷག་ཙམ་ཡོད་པའི་དཔེ་ཁང་དེས་ནག་ཆུའི་མང་ཚོགས་ལ་དཔེ་ཀློག་གི་ཁོར་ཡུག་གསར་པ་ཞིག་མཁོ་འདོན་བྱས་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་མུ་མཐུད་གྲོང་ཁྱེར་གྱི་དཔེ་ཁང་ལ་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་སྤེལ་ཏེ་གྲོང་ཁྱེར་གྱི་དཔེ་ཀློག་བར་མཐོངས་གསར་པ་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།