དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་དང་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་རིག་གནས་དང་རིག་གནས་ལོ་རྒྱུས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-29

    ཚེས་27ཉིན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་དང་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་རིག་གནས་དང་རིག་གནས་ལོ་རྒྱུས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་རིག་གནས་དང་རིག་གནས་ལོ་རྒྱུས་ལས་དོན་ལ་ཕྱོགས་སྡོམ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཡུས་ཡུན་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིག་གནས་དང་རིག་གནས་ལོ་རྒྱུས་ལས་དོན་ལ“ལོ་རྒྱུས་ཉར་ཚགས་དང་། སྲིད་སྐྱོང་། མཐུན་སྒྲིལ། མི་སྣ་གསོ་སྐྱོང”བཅས་ཀྱི་སྤྱི་ཚོགས་ཀྱི་ནུས་པ་ལྡན་པས། མི་དམངས་སྲིད་གྲོས་རིག་གནས་བྱ་གཞག་ནང་ཐད་ཀར་ཞུགས་པ་དང་བོད་ཀྱི་རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་ལས་དོན་གལ་ཆེན་ཞིག་རེད། རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་སྲིད་གྲོས་ཀྱི་རིག་གནས་དང་རིག་གནས་ལོ་རྒྱུས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དུས་རབས་ཀྱི་རིན་ཐང་ལ་གོ་བ་གཏིང་ཟབ་བླངས་ནས། ལོ་རྒྱུས་ཀྱི་དྲན་ཤེས་ཉར་ཚགས་དང་། དུས་རབས་ཀྱི་རིན་ཐང་གསར་གཏོད། རིག་གནས་ཀྱི་གནས་བབ་གསར་གཏོད་བཅས་ཀྱི་མཐོ་ཚད་ནས། དུས་རབས་གསར་པའི་རིག་གནས་དང་རིག་གནས་ལོ་རྒྱུས་ལས་དོན་ལ་འཕྲད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་དུས་རབས་ཀྱི་རྒྱབ་ལྗོངས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་རིག་གནས་དང་རིག་གནས་ལོ་རྒྱུས་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དེ་བས་རང་འགུལ་གྱིས་རིག་གནས་དང་རིག་གནས་ལོ་རྒྱུས་ལས་དོན་དེ་སྲིད་གྲོས་ལས་དོན་གྱི་སྤྱི་ཡོངས་ཁྲོད་འཇོག་པ་དང་ཏང་སྲིད་ལས་དོན་གྱི་སྤྱི་ཡོངས་དང་མཉམ་འདྲེས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།