བསམ་གྲུབ་རྩེ་ཆུས་ཀྱིས་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ལ་རིན་མེད་ཀྱི་ཞིང་ལས་འཕྲུལ་ཆས་143སྤྲད་པ།
ཉེ་ཆར། བསམ་གྲུབ་རྩེ་ཆུས་ཀྱིས་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་རིན་མེད་ཀྱི་ཞིང་ལས་འཕྲུལ་ཆས་སྤྲོད་པའི་མཛད་སྒོ་འཚོགས་ནས་ཁོངས་གཏོགས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་13གྱི་གྲོང་ཚོའི་མཉམ་སྡེབ་ལ་སྒོར་ཁྲི་1259.88རི་བའི་ཞིང་ལས་འཕྲུལ་ཆས་143རིན་མེད་ངང་སྤྲད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་13གྱི་ཞིང་ལས་འཕྲུལ་ཆས་སྣ་ཚོགས་བཀོལ་སྤྱོད་པས་གཟབ་མཆོར་ལེགས་པར་སྤྲས་ནས་གྲོང་ཚོའི་མཉམ་སྡེབ་ལ་སྤྲད་པའི་ཞིང་ལས་འཕྲུལ་ཆས་ལ་རྒྱལ་དར་བཀལ་བ་དང་ཁ་བཏགས་གཡོགས་པ་རེད། ཐོ་ཕྲུག་དང་། བརྔ་བསྡུ་འཕྲུལ་ཆས། སོན་འདེབས་འཕྲུལ་ཆས་སོགས་གཅིག་རྗེས་གཉིས་མཐུད་དུ་སྤྱོད་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་ཡོད།