ལེའོ་ཉིང་གིས་ནག་ཆུར་ཁ་གཏད་རོགས་སྐྱོར་བྱས་པ།
བོད་སྐྱོར་བརྩེ་སེམས་མཚོ་ལས་ཟབ། ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད།
ཏ་ལེན་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་རུ་ཁག་གི་རུ་མིའི་མཉམ་པར་ཡིན་པ།
ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་ནག་ཆུ་གྲོང་རྡལ་ཡིན་པ།
ཧྲེན་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་མི་ཁག་བཅུ་པ་དང་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་སློབ་ཆུང་གི་དགེ་སློབ་ཚོས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་པ།
ཁ་གཏད་བོད་སྐྱོར་བྱས་ནས་ལོ་30ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལེའོ་ཉིང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ལས་བྱེད་ཤེས་ལྡན་པའི་སྤེལ་རེས་མཉམ་ལས་དང་། ཐོན་ལས་རོགས་སྐྱོར་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། མི་རིགས་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས། རིག་གནས་སློབ་གསོའི་རོགས་སྐྱོར་བཅས་ཕྱོགས་ལྔའི་གཙོ་གནད་ལས་འགན་ལ་དམིགས་ནས། རྣམ་གྲངས་ཁག་215སྒྲིག་འཛུགས་ལག་བསྟར་བྱས་པས། དམངས་འཚོ་འགན་ལེན་དང་ལེགས་སུ་ཕྱིན་པ་དང་རྫོང་དང་རྫོང་མན་གྱི་གཞི་རིམ་ཁྱབ་ཁོངས་ཀྱི་མ་དངུལ་གྱིས་80.79%དང་85.86%སོ་སོར་ཟིན་ནས་ནག་ཆུ་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེའོ་ཉིང་གི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
བརྩེ་བ་ཟབ་མོ་བཅངས།
མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།
འདི་ལོའི་ཟླ་5པར། ལེའོ་ཉིང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ཏ་ལེན་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་འབྲེལ་མཐུད་བྱས་ནས་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཏེ་མི་6གི་ལས་ཞུགས་འདོད་མཐུན་རགས་ཙམ་མངོན་འགྱུར་བྱུང་བ་རེད། སོག་རྫོང་གི་སློབ་ཐོན་སློབ་མ་ཏ་ལེན་དུ་བདེ་སྡོད་ཡོང་ཆེད། ཉིན་བདུན་རིན་མེད་ཞག་སྡོད་དང་། ལས་ཞུགས་མཛུབ་སྟོན། གྲོང་ཁྱེར་མཉམ་འདྲེས་སོགས་ཞབས་འདེགས་རབ་དང་རིམ་པ་ཞུས་ནས་ཏ་ལེན་དུ་ལས་ཞུགས་བྱེད་མཁན་སོག་རྫོང་གི་སློབ་ཐོན་སློབ་མ་རྣམས་ལ་ཁྱིམ་ཚང་དུ་སླེབས་པ་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་པར་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལེའོ་ཉིང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་གཞི་རིམ་ལས་བྱེད་ཤེས་ལྡན་པའི་གསོ་སྦྱོང་སྤེལ་རེས་དང་། ཡིག་རིས་འགྲེམས་སྟོན་དང་པར་རིས་འགྲེམས་སྟོན། གཞོན་ནུ་ལོ་ཆུང་གི“ལག་གདང་སྦྲེལ་བའི”དབྱར་སྒར།“གཅིག་གཏད་གཅིག”གི་གཉེན་སྒྲིག་པ་སོགས་ཀྱི་བྱེད་སྒོ་ཐེངས་150ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བའི་ནང་ནག་ཆུ་གྲོང་ཁྱེར་གྱི་མི་ཁྲི་2ལྷག་ཙམ་ཐད་ཀར་ཞུགས་ཡོད་པ་རེད།
དེ་དང་ཆབས་ཅིག “གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་གཏིང་ཟབ་བྱས་ཏེ་ཧྲེན་དབྱང་དང་། ཏ་ལེན། ཨན་ཧྲན་བཅས་གྲོང་ཁྱེར་3གྱི་ཆུས(གྲོང་ཁྱེར་དང་རྫོང)23དང་ནག་ཆུ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་23དབར་ཆ་སྒྲིག་རོགས་སྐྱོར་བྱས་ནས་ཁྱོན་སྒོར་ཁྲི་1800ལྷག་ཙམ་ཞལ་འདེབས་ཕུལ་ཡོད། ལེའོ་ཉིང་ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་ཚན་པས་ནག་ཆུ་གྲོང་ཁྱེར་གྱི་ཁ་གཏད་ཚན་པ་དང་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་ཁག་45ལ་མིང་རྟགས་བཀོད་པས་ས་གནས་གཉིས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།
མི་སེམས་གཅིག་ཏུ་བསྒྲིལ།
དམངས་འཚོ་འགན་ལེན་རྒྱུན་མཐུད་དང་ལེགས་སུ་བཏང་བ།
ཉེ་བའི་ལོ་བཅུའི་རིང་། ལེའོ་ཉིང་ཞིང་ཆེན་གྱིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་ཁྱོན་132མངགས་ནས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྒོ་བསྟེན་སྨན་བཅོས་དང་འཕྲལ་བཅོས་བྱེད་ཚད་དང་། སྨན་ཁང་དུ་སྡོད་ཚད། གཤག་བཅོས་བྱེད་ཚད་བཅས་2015ལོ་ལས་66.44%དང་། 62.24% 234.89%བཅས་སོ་སོར་འཕར་བ་དང་། ནག་ཆུ་གྲོང་ཁྱེར་གྱི་སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་2015ལོ་ལས་79.46%དང་78.32%སོ་སོར་ཆག་ནས། “གཉིས་ཆག་དང་གཅིག་འཕར”དང“ཐོན་མི་དགོས་པ་གསུམ”གྱི་དམིགས་ཚད་རིམ་བཞིན་མངོན་འགྱུར་བྱུང་ཡོད།
“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་རོགས་སྐྱོར་གྱིས་བོད་བྱང་གི་སློབ་གསོ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་གཏོད་འགོ་ཚུགས་ཡོད།
སྔ་རྗེས་སུ་ཁག་ཐེངས་6གི་རྐང་འཛིན་དགེ་རྒན་དང་དོ་དམ་པ་135འདེམས་གཏོང་བྱས་ནས“སློབ་གྲྭས་ཚན་ཁག་འགན་གཙང་ལེན་པའི”རྣམ་པར་བརྟེན་ནས་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པར་མུ་མཐུད་རོགས་སྐྱོར་བྱས་ཏེ་སློབ་གྲྭ་དེའི་མཐོ་རྒྱུགས་སློབ་རིམ་འཕར་ཚད་2016ལོའི་85%ནས་2023ལོའི་98.7%བར་མཐོ་རུ་ཕྱིན་པ་དང་། དངོས་གཞིའི་ཚན་ཁག་ཏུ་ལོན་ཚད་2016ལོའི་47.2%ནས་2023ལོའི་69.1%བར་མཐོ་རུ་ཕྱིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྟུད་མར་བཏོད་དེ“སློབ་གྲྭ་གཅིག་ལ་རོགས་སྐྱོར་བྱེད་པ་དང་། ས་ཁུལ་གཅིག་ལ་དཔེ་སྟོན་བྱེད་པ། དཔུང་ཁག་གཅིག་འཇོག་པའི”དམིགས་ཚད་རགས་ཙམ་མངོན་འགྱུར་བྱུང་ཡོད།
ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ།
ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
ལེའོ་ཉིང་གི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཚོང་འགུགས་མ་འདྲེན་གྱི“གཡུལ་སར”སྟོབས་ཤུགས་གཙོ་བོ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་ཉམས་མྱོང་བོད་བྱང་དུ་རྩ་བ་ཚུགས་ནས་མེ་ཏོག་བཞད་པ་དང་འབྲས་བུ་སྨིན་ཐུབ་པ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱི་གཙོ་གནད་ཐོན་ལས་ལ་དམིགས་ནས་སྔ་རྗེས་སུ་ཁེ་ལས་59ནང་འདྲེན་བྱེད་རོགས་བྱས་པ་དང་རྣམ་གྲངས་ཁག་78ལ་གན་རྒྱ་བཞག་ནས་རིམ་རྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་30ལྷག་ཙམ་བཏང་ཡོད་པ་རེད། ལེའོ་ཉིང་གི་ཐོན་ལས་བོད་སྐྱོར་གྱིས་གཙོ་གནད་ཁེ་ལས་དང་ཐོན་ལས་རྣམ་གྲངས་གཞིས་ཆགས་པར་སྐུལ་འདེད་བཏང་བ་མ་ཟད། ད་དུང་ཐོན་ལས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ནག་ཆུ་གྲོང་ཁྱེར་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་འགྲོ་བར་རོགས་རམ་བྱས་ཡོད། ལི་གྲོ་དང་ཉུང་མ་སོགས་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་དང་ཁྱབ་གདལ་གཏོང་བར་རོགས་རམ་བྱས་པ་དང་། ནག་ཆུ་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཁེ་ལས་ལེའོ་ཉིང་དུ་གདན་དྲངས་ནས“ལེའོ་ཉིང་གི་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང“ཞིང་ལས་དངོས་མང་སྟོན་ཚོགས”སོགས་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཆེ་གྲས་14ལ་ཞུགས་ནས་གྲོས་མཐུན་བྱས་པའི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་4ལྷག་ཙམ་ཟིན་ཡོད། ནག་ཆུ་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ལས་ཐོན་ཁུངས་ཕྱོགས་ཡོངས་ནས་འོས་སྦྱོར་བྱས་པ་དང་ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་ཡུལ་སྐོར་ལས་དོན་ཁང་50ལྷག་ཙམ་སྒྲིག་འཛུགས་བྱས་ནས་ནག་ཆུས་ལེའོ་ཉིང་དུ་སྤེལ་བའི་རིག་གནས་ཡུལ་སྐོར་འོས་སྦྱོར་བྱེད་སྒོར་ཞུགས་པར་མ་ཟད《ཡུལ་སྐོར་ཡོང་ཁུངས་ཀྱི་བོད་སྐྱོར་འདོད་མོས་རང་བཞིན་གྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།