དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-28

    འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་གཞོན་ནུ་ལོ་ཆུང་གི་སློབ་གསོའི་དོ་དམ་ལམ་སྲོལ་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་ཕྱོགས་མང་པོ་ནས་ནུས་པ་འདོན་པ་དང་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ཏེ། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ཡོད།

    བྲག་ཡིབ་ཆུས་ཀྱིས་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཏུང་ཀོན་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས“ཏུང་ཀོན་དང་བྲག་ཡིབ་ཀྱི་བརྩེ་བ། རི་མཚོའི་བྱ་སྤྱོད”ཅེས་པའི་ཏུང་ཀོན་དང་བྲག་ཡིབ་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཕན་ཚུན་འཚམས་འདྲི་དང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ཞིང་། 2024ལོར་དུས་ཐེངས་དང་པོའི་དགུན་དུས་སྒར་སའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    གཞོན་ནུའི་ཚོགས་སྤྱིའི་ཁྲོད་བྲག་ཡིབ་ཆུས་ཀྱིས་ཕྱོགས་གཅིག་ནས་ཁྱབ་ཁོངས་མི་འདྲ་བའི་ཕུལ་བྱུང་གཞོན་ནུ་36བསྡུས་ནས་གཞོན་ནུའི་འཆད་ཁྲིད་དགེ་རྒན་ཚོགས་པ་ཐོག་མ་བཙུགས་པ་དང་། གཞོན་ནུའི་འཕེལ་རྒྱས་ཀྱི་གླེང་མང་བའི་གནད་དོན་ལ་དམིགས་ནས་ཆེད་དོན་སྒྲོག་འགྲེལ་15གསར་སྤེལ་བྱས་ཏེ་སྡེ་ཁུལ་གྱི་གཞོན་ནུ་སྡེ་ཚོགས་ཀྱི་ཚོགས་མི་དང་ཕྱི་ནས་ལས་ཀར་ཡོང་བའི་གཞོན་ནུ་སོགས་ལ་རིགས་དབྱེ་ནས་སྒྲོག་འགྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།