མཐོང་རྒྱ་ཆེ་རུ་བཏང་ནས་སྤྲོ་སྣང་ཆེན་པོས་ཞིབ་འཇུག་དང་སློབ་སྦྱོང་བྱས་པ།
ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་དགེ་སློབ་46ནན་ཅིང་དང་ཧྲང་ཧའེ་རུ་བསྐྱོད་དེ་ཞིབ་འཇུག་དང་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་མ་ཟད། ས་གནས་དེ་གའི་དགེ་སློབ་དང་མཉམ་འགུལ་མཛའ་འབྲེལ་ཡང་བཙུགས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། འདི་ནི་རྒྱ་ཚ་རྫོང་གི་དགེ་སློབ་ཚོས་ཧྲང་ཧའེ་ཅང་ནན་གྲུ་གཟིངས་བཟོ་གྲྭར་རང་རྒྱལ་གྱི་གྲུ་གཟིངས་བཟོ་ལས་ཀྱི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་གྱི་གཟི་བརྗིད་ལོ་རྒྱུས་ཤེས་རྟོགས་བྱེད་བཞིན་པ།