དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • གུང་གཞོན་སྡེ་ཚོགས་རིན་སྤུངས་རྫོང་ཨུད་ཀྱིས་སློབ་གྲྭར་ཀྲུང་གོའི་རིག་གནས་ཉིང་བཅུད་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-28

    ཉེ་ཆར་གུང་གཞོན་སྡེ་ཚོགས་རིན་སྤུངས་རྫོང་ཨུད་ཀྱིས་རྫོང་གཞོན་ནུ་ལོ་ཆུང་གི་བྱེད་སྒོའི་ལྟེ་གནས་སུ“ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱེད། ཀྲུང་གོའི་རིག་གནས་ཉིང་བཅུད་དར་སྤེལ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་ཁྱོན་འགྲེམས་པང་12བཀོད་སྒྲིག་བྱས་ནས་ཀྲུང་གོའི་རིག་གནས་ཉིང་བཅུད་ཆེན་པོ་བཅུའི་ནང་དོན་ཞིབ་ཕྲ་བསྟན་ཡོད་ཅིང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དང་དེ་བཞིན་སྡེ་ཚོགས་རྫོང་ཨུད་ཀྱི་ལས་དོན་མི་སྣས་འགྲེལ་བཤད་པའི་འགན་འཁུར་ཏེ། ཀྲུང་གོའི་རིག་གནས་ཉིང་བཅུད་དང་། བཟོ་སྤུས་དག་པའི་དངོས་པོ། ལྟ་ན་སྡུག་པའི་མ་དཔེ་སོགས་རེ་རེ་བཞིན་བསྟན་ནས་ཀྲུང་གོའི་རིག་གནས་ཉིང་བཅུད་དར་རྒྱས་གོང་འཕེལ་དང་། བསྟན་བཅོས་གཏམ་རྒྱུད། ནང་དོན་ཟབ་མོ་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དེ་ལས་སློབ་མ་ཚོས་དངོས་སུ་ཉམས་ལེན་དང་ཐད་ཀར་མྱོང་ཚོར་ཐུབ་པ་མ་ཟད། ད་དུང་སློབ་མ་ཕན་ཚུན་ཀྲུང་གོའི་རིག་གནས་ཉིང་བཅུད་སྤེལ་རེས་ཀྱང་བྱས་ཡོད།

    འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་གུང་གཞོན་སྡེ་ཚོགས་རིན་སྤུངས་རྫོང་ཨུད་ཀྱིས་བྱེད་སྒོ་སྤེལ་སྟངས་མུ་མཐུད་གསར་གཏོད་བྱས་ཏེ། གཞོན་ནུ་ལོ་ཆུང་གིས་དགའ་པོ་བྱེད་པའི་རྣམ་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ་དང་། གུང་གཞོན་སྡེ་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་བཅས་ཁྲོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།