དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ནག་ཆུ་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་ཡིག་བསྐུར་ངོ་བཅར་ལས་དོན་དང་མི་རིགས་མཐུན་སྒྲིལ་གྱི “སྐུལ་འདེད་གཉིས”མངོན་འགྱུར་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-28

    དུས་ཡུན་རིང་པོའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ནག་ཆུ་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱིས“ཀྲུང་ཧྭ་མི་རིཌ་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་དང་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དེ་སྤྱིའི་དམིགས་ཚད་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ཁྲོད་ཁྱབ་པར་བྱས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ནག་ཆུ་གྲོང་ཁྱེར་གྱི་ཡིག་བསྐུར་ངོ་བཅར་ལས་དོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    ནག་ཆུ་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་དམ་འཛིན་བྱ་གཞིར་བརྩིས་ནས། སློབ་སྦྱོང་ནན་ཏན་བརྒྱུད་ཅུས་ལས་ཁུངས་ཀྱི་ལས་བྱེད་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་སྲིད་ཇུས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་ཡོད། ཡིག་བསྐུར་ངོ་བཅར་གྱི་གནས་བབ་ལ་ཚད་མཐོའི་མཐོང་ཆེན་དང་དུས་བཀག་ལྟར་དབྱེ་ཞིབ་བརྡར་གཅོད་བྱས་ཏེ། ཡིག་བསྐུར་ངོ་བཅར་ལས་དོན་གྱི་ལམ་ལུགས་དང་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་གོང་ཞུ་དང་ལེན་དང་གཤམ་སྐྱོད་སྐོར་ཞིབ་སོགས་ཀྱི་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ད་དུང་ལམ་ལུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ“མང་ཤོས་ལ་འདྲི་རྩད་ཐེངས་གཅིག་བྱེད་པ”དང་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་གྱི་བླང་བྱར་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་འགལ་བ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་ཧུར་ཐག་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།