དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གི་སྡོད་ཁང་དང་པོའི་ཐོག་མའི་འཇལ་དངུལ་གྱི་བསྡུར་ཚད་དམའ་ཤོས་20%བར་ཆག་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་26ཉིན་པེ་ཅིང་གྲོང་ཁྱེར་གྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཨུ་ལྷན་དང་ཀྲུང་གོ་མི་དམངས་དངུལ་ཁང་པེ་ཅིང་གྲོང་ཁྱེར་ཡན་ལག་དངུལ་ཁང་སོགས་སྡེ་ཚན་མང་པོས《གྲོང་ཁྱེར་འདི་གའི་ས་ཁང་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད།

    ཐོག་མའི་འཇལ་དངུལ་གྱི་བསྡུར་ཚད་དང་སྐྱེད་ཀའི་ཐད། སྡོད་ཁང་དང་པོ་ཉོ་སྐབས་ཐོག་མའི་འཇལ་དངུལ་གྱི་བསྡུར་ཚད་དམའ་ཤོས་དེ་20%ལས་མི་དམའ་བའི་བར་ལེགས་སྒྲིག་བྱ་རྒྱུ་དང་། དངུལ་བུན་གྱི་སྐྱེད་ཚད་དམའ་ཤོས་དེ་དེ་མཚུངས་ཀྱི་དུས་བཀག་དངུལ་བུན་ཁྲོམ་རའི་རིན་གོང་གནས་ཞུས་སྐྱེད་ཚད(LPR)ནས་གཞི་གནས་45འཐེན་པ་ལས་མི་དམའ་བའི་བར་ལེགས་སྒྲིག་བྱ་རྒྱུ། ལེགས་སྒྲིག་བྱས་རྗེས་ཀྱི་དུས་ཡུན་ལོ་5ཡན་གྱི་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་དམའ་ཤོས་དེ་མིག་སྔར་3.5%ཡིན་པ་རེད།

    སྡོད་ཁང་གཉིས་པ་ཉོ་སྐབས་གྲོང་སྐོར་ལམ་ལྔ་པའི་ཕྱི་ནང་གཉིས་སུ་ཕྱེ་ཞིང་། དེའི་ནང་གྲོང་སྐོར་ལམ་ལྔ་པའི་ནང་ཚུན་གྱི་སྡོད་ཁང་གི་ཐོག་མའི་འཇལ་དངུལ་གྱི་བསྡུར་ཚད་དམའ་ཤོས་35%ལས་མི་དམའ་བར་ལེགས་སྒྲིག་བྱ་རྒྱུ་དང་། དངུལ་བུན་གྱི་སྐྱེད་ཚད་དམའ་ཤོས་དེ་དེ་མཚུངས་ཀྱི་དུས་བཀག་དངུལ་བུན་ཁྲོམ་རའི་རིན་གོང་གནས་ཞུས་སྐྱེད་ཚད(LPR)ནས་གཞི་གནས་5འཐེན་པ་ལས་མི་དམའ་བར་ལེགས་སྒྲིག་བྱ་རྒྱུ། ལེགས་སྒྲིག་བྱས་རྗེས་ཀྱི་དུས་ཡུན་ལོ་5ཡན་གྱི་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་དམའ་ཤོས་དེ་མིག་སྔར་3.9%ཡིན་པ་རེད། གྲོང་སྐོར་ལམ་ལྔ་པའི་ཕྱིར་ཡོད་པའི་སྡོད་ཁང་གི་ཐོག་མའི་འཇལ་དངུལ་གྱི་བསྡུར་ཚད་དམའ་ཤོས་30%ལས་མི་དམའ་བར་ལེགས་སྒྲིག་བྱ་རྒྱུ་དང་། དངུལ་བུན་གྱི་སྐྱེད་ཚད་དམའ་ཤོས་དེ་དེ་མཚུངས་ཀྱི་དུས་བཀག་དངུལ་བུན་ཁྲོམ་རའི་རིན་གོང་གནས་ཞུས་སྐྱེད་ཚད(LPR)ནས་གཞི་གནས་25འཐེན་པ་ལས་མི་དམའ་བར་ལེགས་སྒྲིག་བྱ་རྒྱུ། ལེགས་སྒྲིག་བྱས་རྗེས་ཀྱི་དུས་ཡུན་ལོ་5ཡན་གྱི་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་དམའ་ཤོས་དེ་མིག་སྔར་3.7%ཡིན་པ་རེད།

    བརྡ་ཐོའི་ནང་ད་དུང་ཕྲུ་གུ་མང་བའི་ཁྱིམ་ཚང་གི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་བའི་དགོས་མཁོ་སྐོང་བར་རྒྱབ་སྐྱོར་བྱས་ཏེ། པེ་ཅིང་གྲོང་ཁྱེར་གྱི་ཐེམ་ཐོ་ཡིན་པའི་ཕྲུ་གུ་གཉིས་དང་དེ་ཡན་གྱི་ཕྲུ་གུ་མང་བའི་ཁྱིམ་ཚང་གིས་སྡོད་ཁང་གཉིས་པ་ཉོ་བའི་རིགས་མི་སྒེར་གྱི་སྡོད་ཁང་དངུལ་བུན་འཇལ་སྐབས་སྡོད་ཁང་དང་པོ་ལྟར་ངོས་འཛིན་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།

    གོང་གསལ་གྱི་སྲིད་ཇུས་དེ་2024ལོའི་ཟླ་6ཚེས་27ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།