པེར་ལིན་གྱི་ཨའེ་གཡོད་རོལ་དབྱངས་ཚོགས་པས་ཧྲང་ཧའེ་རུ་རིག་གནས་སྤེལ་རེས་བྱེད་འགོ་ཚུགས་པ།
ཉིན་ཤས་གོང་། པེར་ལིན་གྱི་ཨའེ་གཡོད་རོལ་དབྱངས་ཚོགས་པའི་ཚོགས་མིས་ཧྲང་ཧའེ་རྟེན་མཛོད་ཁང་གི་འགྲེམས་ཁང་ཤར་མར་བསྐྱོད་དེ་ཀྲུང་གོའི་སྒྱུ་རྩལ་མྱོང་རོལ་བྱས་པ་དང་འབྲེལ། ཀྲུང་གོའི་སྒྱུ་རྩལ་མཁས་ཅན་དང་སྤེལ་རེས་ཀྱང་བྱས་པ་རེད། འདི་ལོའི་ཀྲུང་གོའི་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་དམིགས་བསལ་རྣམ་གྲངས་ཤིག་ཡིན་པའི་པེར་ལིན་ཨའེ་གཡོད་རོལ་དབྱངས་ཚོགས་པས་དུས་ཡུན་གཟའ་འཁོར་གཅིག་ནང་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་ཐེངས་4དང་ཚོགས་ཁང་ནང་གི་རོལ་དབྱངས་འཁྲབ་སྟོན་ཐེངས་7བྱ་རྒྱུ་དང་འབྲེལ། སྒྱུ་རྩལ་སློབ་གསོའི་བྱེད་སྒོ་རབ་དང་རིམ་པར་ཞུགས་རྒྱུ་རེད། འདི་ནི་པེར་ལིན་གྱི་ཨའེ་གཡོད་རོལ་དབྱངས་ཚོགས་པའི་ཁོངས་མིས་ཀྲུང་གོའི་གླིང་བུ་དཀྲོལ་སྟངས་ཉམས་ལེན་བྱེད་བཞིན་པ།