ཟི་ལིང་གསར་སྤེལ་ཁུལ་གྱིས་ནུས་རྒྱུ་གསར་པ་དང་ནུས་གསོག་མཉམ་སྐྲུན་གྱི་འགྲན་ལམ་གསར་པ་བཏོད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཚུན་ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལེགས་ཆར་བརྟེན་པ་དང“གསར་གཏོད་རྟེན་གཞི་གཅིག་དང་ལྟེ་བའི་གྲོང་ཁྱེར་གསུམ”གྱི་འཛུགས་སྐྲུན་ལ་དམིགས་ནས། ནུས་རྒྱུ་གསར་པ་དང་ནུས་གསོག་མཉམ་སྐྲུན་གྱི་འགྲན་ལམ་གསར་པ་གཏོད་པ་དང་དུང་ཕྱུར་སྟོང་རིམ་པའི་རིག་ལྡན་གསོག་ནུས་ཐོན་ལས་འཁོར་འབྲེལ་གཏོད་པ་གོ་སྐབས་སུ་བྱས་ནས“ནུས་རྒྱུ་གསོག་འབྲེལ”གཞི་གཅིག་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད། ནུས་མང་གསབ་རེས་ཀྱི་ནུས་གསོག་ཐོན་ལས་མ་ལག་ཧུར་ཐག་བསྐྲུན་ནས་ནུས་གསོག་གསར་པ་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། ཁྲོམ་ར་ཅན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།