དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གསར་སྤེལ་ཁུལ་གྱིས་འབྱུང་འཕྲོད་རྩིས་ནུས་འཕེལ་རྒྱས་ཉེར་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་23ཉིན། གསར་འགོད་པར་ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(གཤམ་ནས་གསར་སྤེལ་ཁུལ་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། འབྱུང་འཕྲོད་རྩིས་ནུས་འཕེལ་རྒྱས་ཉེར་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར་དམིགས་ནས། གསར་སྤེལ་ཁུལ་གྱིས་ཞིབ་ཕྲའི་བྱེད་ཐབས་8བཟོས་ཏེ་ཞིང་ཆེན་དེ་ཡོངས་ཀྱི“1+2+N”གྱི་འབྱུང་འཕྲོད་རྩིས་ནུས་རྟེན་གཞི་སྤྱིའི་བཀོད་སྒྲིག་བྱེད་སྟངས་དང་མཉམ་འདྲེས་ཧུར་ཐག་ཡོང་བར་བྱས་ནས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་འབྱུང་འཕྲོད་རྩིས་ནུས་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་ཡིན་པ་རེད།

    གསར་སྤེལ་ཁུལ་གྱིས་སྔོན་འགྲོ་འོས་འཚམ་བརྒལ་བའི་རྩིས་ནུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧུར་ཐག་བྱས་ནས། ནན་ཁྲོན་གླིང་ཁུལ་ཀྲུང་གོ་ལེན་ཐུང(མཚོ་སྔོན)གཙང་གསུམ་ཆུ་འགོ་རྒྱལ་ཁབ་གྲངས་གཞི་ཆེ་མོའི་རྟེན་གཞི་དང་། ཏུང་ཁྲོན་གླིང་ཁུལ་མཚོ་བོད་ས་མཐོའི་སྐྱེ་ཁམས་གྲངས་གཞི་ཆེ་མོའི་ལྟེ་གནས། སྐྱེ་དངོས་གླིང་ཁུལ་མཚོ་སྔོན་སློབ་ཆེན་གཙང་གསུམ་ཆུ་འགོའི་གྲངས་གཞི་དབྱེ་ཞིབ་ལྟེ་གནས། རྒྱལ་ཁབ་རིམ་འདས་རྩིས་རྒྱག(ཝུའུ་ཤིས)ལྟེ་གནས་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་སོགས་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། བཟོ་ལས་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་སོགས་ལེགས་ལྡན་གཙོ་གནད་ལས་རིགས་ལ་དམིགས་ནས། སྣ་མང་རྩིས་ནུས་ཐོན་ཁུངས་མཐུན་སྦྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།