དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-27

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་24ཉིན་མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་ཤར་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་གཉེར་འགན་འཁུར་བའི་2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་ཟླ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ལྟེ་བའི་ཐང་ཆེན་དུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚོགས་ཚན་རིག་ཁྱབ་གདལ་ཟླ་བའི་བྱེད་སྒོ་སྤེལ་ཡུན་ཟླ་གཅིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་འཆད་ཁྲིད་དང་། སྤྱི་པའི་ཞབས་ཞུ། ཚན་རིག་ཁྱབ་གདལ་གནས་ལྔར་སྤེལ་བའི་བྱེད་སྒོ། པར་རིས་སྐོར་སྐྱོད་འགྲེམས་སྟོན། བཅའ་ཁྲིམས་རོགས་སྐྱོབ། ཚན་རིག་ཁྱབ་གདལ་ཤེས་བྱའི་འགྲན་བསྡུར་སོགས་བྱེད་སྒོ་སྤེལ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་དེ་བཞིན་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་བཅས་རྒྱུན་མཐུད་གསལ་འགྲེལ་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་ཚན་རིག་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ། ཚན་རིག་གི་ཐབས་ཤེས་དར་སྤེལ་གཏོང་བ་དང་། ཚན་རིག་གི་བསམ་བློ་ཁྱབ་སྤེལ་གཏོང་བ། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། མི་དམངས་མང་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་རིག་གནས་ཀྱི་བྱང་ཚད་དང་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། སྤྱི་ཚོགས་ཚན་རིག་ཤེས་བྱ། འཕེལ་རྒྱས་གྲུབ་འབྲས་བཅས་མང་ཚོགས་དང་གཞི་རིམ་ལ་དྲིལ་བསྒྲགས་བྱེད་པ་དང་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།